སྐྱོ་བའི་ངུ་ངག་གི་དབྱངས་རྟ།

དཔལ་ལྡན་རྒྱ་མཚོ།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-17

༄༅།། གངས་དཀར་ཅོད་པན་མནབས་པའི་མཐོ་སྒང་གི་གྲོང་ནས།།
གངས་སེང་འགྱིང་འདྲའི་བཙན་རྗེ་ཞེ་གཉིས་ཙམ་བྱོན་ལ།།
གངས་ལ་བྲིས་པའི་ལོ་རྒྱུས་དན་རྟགས་ཀྱི་རི་མོ།།
གངས་དཀར་སེམས་སུ་མ་བརྗེད་གསལ་བོ་རུ་འཆར་ཡོད།།
མི་མཁྱེན་རྨོངས་པའི་རྙིང་ཞེན་རྨི་ལམ་གྱི་ཀློང་དུ།།
མི་རིགས་རྨོངས་ལས་དཀྲོགས་པའི་རྟོག་སད་ཀྱི་དྲན་དབང་།།
མི་མཁས་རྩོད་ལ་དགའ་བའི་ཁ་མང་གི་དབུས་ནས།།
མི་ཡི་ལུས་སེམས་གཉིས་ཀ་རྨ་མང་གིས་གཙེས་སོང་།།
འབྱོར་བ་སློབ་གསོར་རག་པ་སྙིང་གཏམ་དུ་རློམ་ཞིང།།
སློབ་གསོ་ཡང་དག་སྤེལ་རྒྱུ་སྙིང་ནོར་དུ་བཟུང་ཡང་།།
རྩ་བ་རང་སྐད་རང་ཡིག་སྙིང་ག་ཡི་ནོར་བུ།།
ཡུན་ནས་རྒྱང་དུ་བོར་ན་སྙིང་རླུང་དུ་འཚང་འགྲོ།།
རྩྭ་བཞིན་འདོར་བྱའི་བོད་མིའི་རྙིང་ཞེན་གྱི་བསམ་བློ།།
རྩ་ནས་དབྱུང་ན་རྒྱུ་འབྲས་ཆོས་ཉིད་དང་མཐུན་ཡང་།།
རྩ་ཚིག་ཕྱི་མོའི་ནོར་བུ་སུམ་རྟགས་ཀྱི་གཞུང་གཉིས།།
རྩྭ་གཟན་འགའ་ཡིས་སྤོངས་འདོད་ཅོལ་ཆུང་གི་ལས་སོ།།
འདབ་བརྒྱ་ལྷུག་པོར་གྲོལ་འདྲའི་ལང་ཚོ་ནི་གཙིགས་ཀྱང་།།
ཕྱི་ལུས་རྫོབ་ཉམས་ཙམ་གྱི་ལང་ཚོ་ལ་ཁེངས་ཏེ།།
བདེན་དོན་འདྲེན་པའི་ཤེས་རབ་ལང་ཚོ་དེ་སྟོངས་ན།།
འུ་ཅག་བོད་ཀྱི་གནས་ལྔའི་ལང་ཚོ་ནི་ལོས་ཉམས།།
རང་རིགས་རྗེས་ལུས་དེང་རབས་ལུགས་ཉིད་ལ་རྨོངས་ཞེས།།
རང་རང་ཡུལ་གྱི་གནའ་སྲོལ་མེས་པོ་ཡི་ལུགས་དག།།
རང་གི་དགྲ་ཞེས་མཁོ་མེད་གད་སྙིགས་བཞིན་གཡུག་ཀྱང་།།
རང་སྡེར་ཕན་པའི་ཐུན་མིན་རིག་གཞུང་ཞིག་མ་མཇལ།།
གཞུང་མང་ཐོས་པའི་རིག་གནས་ཡོན་ཏན་ལ་མི་མཁས།
མཁས་པའི་ལེགས་བཤད་ཡོན་ཏན་རྒྱན་ཏུ་ཡང་མི་མཐོང་།།
ཁྱད་གསོད་ལས་ཀྱི་སྤྱོད་ལམ་ཡོན་ཏན་རང་ཡིན་ཞེས།།
སྒྲོག་པའི་མུ་ཅོ་བླུན་པོའི་ཡོན་ཏན་ནི་མ་ཡིན།།
སྣ་ཚོགས་ལུགས་བརྒྱས་སྤྲས་པའི་ཤེས་རིག་གི་སྡིངས་ཀར།།
སྣ་མང་སྐད་ཡིག་དཔྱིད་དཔལ་མེ་ཏོག་གི་དབུས་སུ།།
སྣ་གཅིག་ལྷད་མེད་བཞད་པ་ཀ་ཁ་ཡི་སྦྱོར་བ།།
སྣ་ཐུང་རླུང་ལ་སྤངས་ནས་མདོ་མེད་དུ་བྱས་སོང་།།
དེང་རབས་རྩོམ་རིག་ཤེས་བྱའི་དགའ་ཚལ་གྱི་གླིང་དུ།།
ཁེངས་པ་སྲུང་བའི་འཆལ་གཏམ་ཉོག་རྩོམ་ནི་མང་ཡང།།
རྒྱལ་ཁམས་མཐོང་བའི་ཤེས་ལྡན་བློ་རིག་གིས་དཔྱོད་ན།
ཁྲོམ་ནང་སྦལ་བའི་ཚུལ་བཞིན་ངེས་དོན་ཆེར་མི་གདའ།།
དུས་རབས་གསར་བའི་ཨ་སྔོན་ནམ་མཁའ་ཡི་མཐོངས་སུ།།
དུས་ལ་རན་པའི་འཕོ་འགྱུར་ཁུ་བྱུག་རེ་གྲགས་ཀྱང་།།
དུས་ཀྱིས་སྐྱུར་བའི་རྙིང་ཞེན་བག་འཁུམ་ཀྱི་བཀག་རྒྱས།།
དུས་མིན་ཆར་རླུང་གཡུགས་འདྲས་བག་མེད་དུ་བཅོམས་སོང་།།
སྤྱི་ཚོགས་འཕོ་འགྱུར་ཁྲོད་ན་མགོ་བོ་ཡེ་འཐོམས་ཤིང་།།
གནའ་དེང་གཉིས་ཤོར་བྱེད་པའི་གངས་ཅན་གྱི་ལྗོངས་འདིའི།།
ཡ་མ་ཟུང་གི་ང་ཚོའི་ཆ་ལུགས་ལ་བསམ་པས།།
བུ་ང་སྐྱོ་བའི་དབྱངས་རྟ་ཐོལ་བྱུང་དུ་བླངས་སོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་བའི་ངུ་ངག་གི་དབྱངས་རྟ།

2011-07-17 དཔལ་ལྡན་རྒྱ་མཚོ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།