གན་རྐྱལ་དུ་ཉལ་བའི་སྙན་ངག

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-11

གལ་ཏེ་གློག་སྒྲོན་བཀར་གཟིམས་གཉིས་ཀྱི་བར་མཚམས་འདི
འཇིག་རྟེན་གསར་རྙིང་བརྗེ་བའི་གསལ་བརྡ་ཡིན་ན
ངས་རང་སེམས་ལ་བྱི་དོར་བྱ་བཞིན་གོམ་པ་གསར་བ་ཞིག་གི་
དབུ་འཁྱུད་འབྲི་འདོད་ཡོད        ཡིན་ན་ཡང 
ངས་མང་བོ་ཞིག་ཐོབ་འདོད་ཀྱི་ཨམ་ཚིགས་བསྡམས་ཏེ་མང་བོ་ཞིག་ཤོར་སོང་བའི་འཁུན་སྒྲ་སྒྲོག་དུས
ཡང་སྙིང་ཅི་ཞིག་བོར་སོང་བའི་མེ་ཏོག་གི་འདབ་ལོ་
དེ་ཐོར་དུ་འཇུག་མི་འདོད
ས་སྲོད་འདིར་རྟ་མཆོག་རྒོད་པོའི་རྨིག་སྒྲ་དང
འབའ་འབའ་ལུག་གི་འབའ་སྒྲ་མེད་པར་ཤག་ཤག་གི་ཆར་བ་འབབ་སྒྲའི་ཁྲོད་ནས
ཤེས་མེད་ཚོར་མེད་ངང
རྒས་སོང་བའི་འབྲོག་པའི་བུད་མེད་ཅིག་གི་བཞིན་རས་བཞིན་
སྨག་ཇེ་ནག་ནས་ཇེ་ནག་ཏུ་གྱུར་སོང་
སྐབས་འདིར་ཅིའང་དབེན་པའི་ང་དང་ངའི་སྤུན་ཟླ་ཚོས
བཞུད་སོང་བའི་ཁ་སང་ལ་དྲན་ཤིང་འཇོག་བཞིན་
པང་དུ་ཉལ་བའི་དེ་རིང་ལ་རོལ་མྱོང་ཞིང
མཇལ་མ་མྱོང་བའི་སང་ཉིན་ལ་ལག་བརྡ་གཏོང་བཞིན
སྨག་ནག་པའི་ས་སྲོད་འདིའི་ངོ་གདོང་ལ་ཕྱི་མིག་དང་བཅས
ལག་འཁྱེར་ཁ་པར་རེར་ངོ་གདོང་བསྟར་ཏེ
ཅི་ཞིག་གི་ཡང་སྙིང་དང་ཡང་སྙིང་ཅི་ཞིག་གི་ཆེད་དུ                               
ཤོར་སོང་བའི་ཁ་སང་དེ་ཁམ་གང་བཞིན་ཁྱུར་མིད་གཏོང་འདོད་ལ
བཞུད་བཞིན་པའི་དེ་རིང་འདིར་དམ་དུ་འཁྱུད་དེ
ད་དུང་འཁྲབ་མ་མྱོང་བའི་སང་ཉིན་ལ་གོམ་པ་སྤོ་བཞིན་ཡོད
གང་ལྟར་ཀྱང་གློག་སྒྲོན་དཀར་བོ་འདི་གཟིམས་པའི་བར་སྐབས་འདི
ཡོད་ཚད་དང་ཐམས་ཅད་ཚང་དུ་ལོག་པའི་བྱ་ཁྱུ་བཞིན
དལ་འཇགས་སེ་    ཁུ་སིམ་མེར     ངལ་གསོ་ཐེངས་ཤིག་གི་བར་གསེང
ཡིན་ཡང་སྲིད་མོད   འོན་ཀྱང་ངས་བར་གསེང་འདིའམ་བར་སྐབས་འདི
ཡོད་ཚད་ཀྱི་ལས་དབང་མིན་པར་སྟེས་དབང་ཡིན་ན་སྙམ་བཞིན
གན་རྐྱལ་དུ་ཉལ་ཏེ་ཕྱིར་དྲན་གྱི་རྐང་རྗེས་དེར་  སེམས་ཀྱིས་དྲན་བཞིན་བློ་ཡིས་བསམ་བཞིན་ཐུགས་ཀྱིས་བསྒོམ་བཞིན
གློག་སྒྲོན་དཀར་བོ་དེ་བཀར་བའི་དུས་མཚམས་དེར་སྙེག་གིན་ཡོད
ཅི་ལྟར་དྲན་ཡང་ཆོག    གང་ལྟར་བསམ་ཡང་ཆོག
ངས་རང་ཉིད་ནི་ཕྱི་ཤུན་ཡག་པོ་ཞིག་གིས་གཡོགས་པའི་ནས་ཆང་
མིང་རྟགས་རྫུན་མ་ཞིག་དང་མཚུངས་བ་སྔ་མོ་ནས་ཤེས་ཡོད
ངས་རང་ཉིད་ནི་སྤྲེའུ་རི་བབས་ཀྱི་རྣམ་ཐར་དེ་རྗེས་སྐྱོང་བ་ཡིན་པའང་སྔ་མོ་ནས་ཚོར་ཡོད       ཡིན་ནའང
ཤེས་ཤེས་བའི་མཐའ་མ་དང་ཚོར་ཚོར་བའི་ཡང་སྙིང་ནི
ངས་སྙན་ངག་འདི་འབྲི་བཞིན་སྙིང་གཏམ་འདི་བཤད་བཞིན
ཐོབ་ཤོར་གྱི་རྒྱ་མའི་ཡང་ལྕི་འདི་ལས་དབང་མིན་པར་སྟེས་དབང་ཙམ་  ཡིན་ན་འདོད་ཡོད
ངས་སེམས་ངལ་ལྷག་མ་ཞིག་རུམ་བཞིན 
གོམ་ཁ་ལྕི་མོ་ཞིག་སྤོ་བཞིན་
ཡོད་ཚད་དང་ཐམས་ཅད་སྙན་ངག་ལྷ་མོར་བཅོལ་ཞིང་
སྙན་ངག་ལྷ་མོའི་མགྲིན་པར་འཁྱུད་དེ་   
རང་ཉིད་ཀྱི་ངལ་དུལ་ཐམས་ཅད་སར་བཞག་སྟེ་
སེམས་ངལ་ཡོད་ཚད་ཕར་དུ་བསྐྱུར་ནས
ངལ་གསོ་ཐེངས་ཤིག་བྱ་འདོད་ཨང་
གློ་བུར་དུ་ངའི་མཁའ་དབྱིངས་ན་བཞིན་རས་མང་བོ་ཞིག་འཕུར་ལྡིང་བྱ་བཞིན་པ་ངས་མཐོང་བྱུང་
དོ་ནུབ་འདི་ནི་ཇི་ལྟར་སྨག་ནག་ཀྱང་ཇི་ལྟར་ཐང་ཆད་ཀྱང
ངས་ངོ་གདོང་དེ་དག་ངོ་ཟིན་བྱུང་
ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་ཚོ
ད་དུང་གྲོགས་པོ་དག་གིས་མིག་ཅེར་རེ་ང་ལ་བལྟས་འདུག
ང་འཇིགས་སྐྲག་ཅིག་གིས་ཡར་ལངས་ཤིང་
ཚོད་ཚོད་ལ་ཙོག་པུར་བསྡད་པས
ཉལ་གྲོགས་ཚོས་"བིས་མདོ་བ"ཞེས་ང་འབོད་ཀྱིན་འདུག
བར་སྐབས་འདི་ངས་རང་ཉིད་ཀྱི་གནས་ལུགས་ཤིག་རྟོགས་བྱུང
ངས་སྙན་ངག་འབྲི་བ་ནི་
ཁོམ་ལོང་གི་དགའ་མ་དེ་སྐྱིད་ཆེད་དང་
སེམས་འགུལ་གྱི་མཛའ་མོ་དེ་འཛུམ་ཕྱིར་ཙམ་མ་ཡིན་པར
དེ་ནི་མང་བོ་ཞིག་གི་རྗེས་སུ་ལུས་པའི་དངན་པ་དེ་དང་
མདུན་སྐྱོད་ཀྱི་གོམ་ཁ་དེ་བརྟན་ཆེད་དུ་ཡིན་འདུག
བར་སྐབས་འདི་ངས་དངན་པ་ཞིག་འཐེན་ཏེ་མཐའ་འཁོར་ལ་བལྟ་དུས
སྨག་ནག་པའི་མཚན་ལྗོངས་རིང་མོ་འདི་གཉིད་པའི་ཐུན་དང་འགྲོགས་ཏེ
ཉལ་གྲོགས་ཚོས་སྔ་མོ་ནས་སྔུར་བ་ཡང་མོ་ཞིག་འཐེན་བཞིན་འདུག
དུས་ཚོད་ག་ཚོད་སོང་བ་མ་ཤེས   
གན་རྐྱལ་དུའམ་ཁ་སྦུབ་ཏུ་ཐེངས་ཅི་ཙམ་ལོག་པའང་མ་ཤེས
སེམས་པ་འདི་སྔ་མོ་ནས་སྙན་ངག་འདི་ལ་འཁྱུད་ཚར་ཡང་
མིག་ཟུང་འདི་སྔ་མོ་ནས་མཚན་ལྗོངས་འདི་ལ་འཐམས་ཚར་འདུག
རྒྱུ་རྐྱེན་དེའི་དབང་གིས     བྲིས་མ་ཚར་ཡང་འབྲི་མཚམས་འཇོག་དགོས་བའི་སྙན་ངག་འདི་ལའང་འདི་ལྟར་ཉིས་ཤད་ཅིག་འབྲི་དགོས་སོང་
དོ་ནུབ  མཚན་ལྗོངས་རིང་མོ་འདི་    འདི་ལྟར་ཕར་བསྐྱལ་སྟེ
སང་ཞོགས་ཀྱི་སྐྱ་རེངས་དེ་བསུ་བ་ནི་ཇི་འདྲའི་དཀའ་ཨང་
མུན་པའི་གླིང་ནས་འོད་ཟེར་འཚོལ་བའི་བརྒྱུད་རིམ་དེ་ཡང་
ཇི་འདྲའི་དཀའ་ཨང
འཇིག་རྟེན་འདི་དོ་ནུབ་གཉིད་ཡོད་མེད་མི་ཤེས་མོད
མཚན་ལྗོངས་རིང་མོ་འདི་དོ་ནུབ་གཉིད་ཚར་འདུག
ཤག་ཤག་གི་ཆར་བའང་སྔ་མོ་ནས་འབབ་མཚམས་བཞག་འདུག་
ཡིན་ཡང་ངས་ད་དུང་སྙན་ངག་འབྲི་བཞིན་སྙིང་གཏམ་བཤད་བཞིན་ཡོད
གན་རྐྱལ་དུ་ལོག་ན་མཁའ་དབྱིངས་ན་མང་པོ་ཞིག་གིས་ཅེར་འདུག
ཁ་སྦུབ་ཏུ་ལོག་ན་བྲང་གཞུང་ལ་རྒྱུན་ལྡན་མིན་པའི་ན་ཟུག་ཅིག་སྐྱེས་འོངས
ངས་འདི་ལྟར་འབྲི་བཞིན་འབྲི་བཞིན
ངས་འདི་ལྟར་བསམ་བཞིན་བསམ་བཞིན
སྣང་བ་ཞིག་ལ་དོ་ནུབ་རང་ཉིད་གཅིག་པུར་བཞི་མདོ་ཞིག་ཏུ་ལངས་ཡོད་པའི་ཚོར་སྣང་ཞིག་སྐྱེས་བྱུང
གན་རྐྱལ་དུ་ཉལ་བའི་སྙན་ངག་འདིས་ངའི་བྲང་གཞུང་ལ་བྱིལ་བྱིལ་གཏོང་བ་ལྟ་བུའི་སྣང་བ་ཞིག་ཀྱང་སྐྱེས་འོངས
དོ་ནུབ མཚན་ལྗོངས་རིང་མོ་གཉིད་སོང་རུང
ངས་ད་དུང་སྙན་ངག་འབྲི་བཞིན་སྙིང་གཏམ་བཤད་བཞིན་ཡོད
                                ༢༠༡༡.༤.༤སྤོས་ལྡན་གྲོང་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གན་རྐྱལ་དུ་ཉལ་བའི་སྙན་ངག

2011-09-11 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།