གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཁེར་རྐྱང་མིན།ཁྱེད་ཁེར་འགྲོ་མིན།

2011-12-01 09:36:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


གལ་ཏེ་སྙན་ངག་ནི་འདུག་རོགས་ཤིག་ཡིན་པའི་དབང་དུ་བཏང་ན
སྙན་ངག་དེ་ཁྱེད་རང་ཚོ་ཡིན་པས
ང་ཁེར་རྐྱང་དེ་མིན
གལ་ཏེ་སྙིང་གཏམ་དེ་འགྲོ་རོགས་ཤིག་ཡིན་པའི་དབང་དུ་བཏང་ན
སྙིང་གཏམ་དེ་ང་རང་ཚོ་ཡིན་པས
ཁྱེད་རང་ཁེར་འགྲོ་དེ་མིན
 
གལ་ཏེ་སྙན་ངག་གི་ཟུངས་ཁྲག་ལྷོག་ལྷོག་ཏུ་འཁྱིལ་ཞིང
སྙིང་གཏམ་གྱི་མངར་ཁ་ཚ་བེ་སེ་བསྡད་ན
ནམ་ཡང
ང་ཁེར་རྐྱང་མིན ཁྱེད་ཁེར་འགྲོ་མིན
 
སྙན་ངག་གི་གསེབ་ན་སྙིང་གཏམ་གྱིས་འཐམས་ཤིང
སྙིང་གཏམ་གྱི་ཀློང་ན་སྙན་ངག་གིས་སིམ་ཡོད་པས
ཁོ་ཚོའང་ང་ཚོ་དང་འདྲ་བར་ལག་རྡང་དེ་སྦྲེལ་འདུག་གི
རྒྱུ་མཚན་དེའི་དབང་གིས
ང་ཁེར་རྐྱང་མིན ཁྱེད་ཁེར་འགྲོ་མིན
 
ང་ཚོ་ལ་སྙན་ངག་ཡོད་པས
ང་ཚོ་ལ་སྙིང་གཏམ་མོད་པས
ང་ཁེར་རྐྱང་མིན  ཁྱེད་ཁེར་འགྲོ་མིན
རྒྱུ་མཚན་ནི
ང་ཚོ་སོང་ན་སྙིང་གཏམ་ཡོད་པས
ང་ཚོ་བསྡད་ན་སྙན་ངག་ཡོད་པས
རྒྱུ་མཚན་ནི
ང་ཚོ་ནི་འགྲུལ་བཞུད་གཅིག་གི་ལམ་གྲོགས་ཡིན་པས
ང་ཚོ་ནི་གྲུ་གཟིགས་གཅིག་གི་འདུག་གྲོགས་ཡིན་པས
 
ཁྱེད་རང་ང་ཡི་འདུག་རོགས་ཡིན་ལ
ང་རང་ཁྱེད་ཀྱི་འགྲོ་རོགས་ཡིན་པས
ང་ཚོ་ནི་ནམ་ཡང་ཁེར་རྐྱང་མིན་ལ
ང་ཚོ་ནི་ནམ་ཡང་ཁེར་འགྲོ་མིན་ནོ
༢༠༡༡ ༡༡ ༢༦ ནངས་མོ་མལ་ཤག་ནས།
         གསལ་བཤད། སྙན་ངག་འདི་ནི་རྩོམ་གྲོགས་མཚོ་མོ་སོགས་ཀྱི་སྐད་ཆ་ཞིག་ཐོས་རྗེས་རང་གི་སེམས་ལ་ཅི་དྲན་དུ་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།