གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་རང་ཡེ་ནས་ལོག་མ་བྱུང་།

2011-11-20 08:57:00 རྒྱལ་སྲས། ཀློག་གྲངས། མཆན ཡོད།


ནམ་རྒྱུན། བདག་གིས་རྔུབ་ཀྱིན་པའི་ཐ་མག་གི་དུ་སྨུག་འདིའི་ཀློང་དུ།
སྟོང་འདང་དང་རེ་སྒུག་ཅི་ཙམ་བསྲེག་ཀྱིན་ཡོད།
འཛུམ་མདངས་དང་ལང་ཚོ་ག་ཙམ་བསྲེག་ཀྱིན་ཡོད།
 
ད་ནི། སྐྲ་གསེབ་ན་ཡང་དཀར་བོར་གྱུར་བ་ཧ་ཅང་མང་ལ།
དཔྲལ་ངོས་ལ་ཡང་གཤོལ་ཤུལ་ལྟ་བུའི་གཉེར་མ་བབས་འདུག
ཁྱོད་ཀྱི་གཟུགས་བརྙན་ལ་སྒུག་པའི་མིག་ཟུང་གཉིས་ཀྱང་།
གཏིང་དུ་རྡུབ་སོང་།
 
ཡིན་ཀྱང་།  བདག་གིས་ནི་ཅིས་ཀྱང་སྒུག་ངེས་པའི་ཁ་དན་དེའི་ཕྱིར་དུ།
སྐྲ་ལོར་ནག་རྩི་བྱུགས་ཅིང་།
རང་ནུས་ཅི་ཡོད་ཀྱིས་ལྗིད་བྱིངས་ནས།
དུས་ཚོད་འཁོར་ལོ་ཆེན་པོ་ཞིག་གི་སྐར་མདར་འཐམ་ཡོད།
 
ད་ལྟ། ཁོ་བོ་དུས་མདའ་ཞིག་གིས་དྲུད་ནས།
སྐྱོ་ངལ་དང་རེ་སྒུག་གིས་བྲིས་པའི་ཁྱིམ་གཞིས།
ཧ་ཅང་གོར་མོ་ཞིག་དུ་གྲུབ་འདུག་ཀྱང་།
ཁྱེད་རང་ཡེ་ནས་ལོག་མ་བྱུང་།
                        
                         2011-11-9

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།