ཚར་སོང་བའི་འཇིག་རྟེན་ཞིག

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-09

                        ----ཨ་མྱེས་ཁ་བྲལ་བའི་ཉིན་དེ་ནས་བཟུང་།

མུན་པ་ནག་པོས་མདོག་འགྱུར་བའི་ངའི་རྨི་ལམ་དཀྲོགས་ཡོང་དུས་སུ
ངས་རང་གི་སྐར་རྒྱན་ལྟ་བུའི་
ནམ་མཁའི་སྐར་ཚོགས་ཤིག་འདར་གྱིན་པ་མཐོང་བྱུང་།
དེ་ནི་ལྷ་ལ་མཆོད་བསྟོད་བྱེད་བཞིན་པའི་
ངའི་མིག་ལམ་ཁྲོད་ན་བཏེགས་པའི་སྐར་མདའ་ཞིག་རེད་འདུག
རྨི་ལམ་གང་མང་གང་མང་ཞིག་གི་ཚུར་སྣང་འདི་
རྨི་ལམ་ངོ་མ་ཞིག་དང་ཅིས་མི་འདྲ་སྟེ
ཡོད་ཚད་སྐྱ་ཐིང་ཐིང་གི་གནས་སུ་གྱུར་རྗེས་སུ
ཤུལ་དུ་ལུས་འདུག་པ་ནི
་ཚེ་རབས་སྔོན་མའི་དངོས་གྲུབ་ཅིག་ལས་ཅི་ཡང་ལྷག་མེད།
སུ་ཞིག་གི་སེམས་བཞག་གི་ཀློང་དུ་ངས་རང་ཉིད་ཧུར་བརྩོན་གྱིས་ལམ་སྣེ་ནས
མིག་ཆུ་གཙང་བོ་དང་མཉམ་དུ་རྒྱ་མཚོ་རུ་འཐིམ་དུས་སུ
ངོ་གདོང་ག་འདྲ་ཞིག
ཞལ་ཆེམས་གང་འདྲ་ཞིག
འཛུམ་མདངས་ཅི་འདྲ་ཞིག
འདི་དག་ཡོད་ཚད་རླུང་གིས་ཁུར་སོང་བའི་རྗེས་ཤུལ་གྱི་ནག་ཐིག་ཞིག་ཡིན་པ་ཨེ་རེད།
སྐྲ་ལོ་ཆུ་ཡིས་མ་བཀྲུས་བའི་ཉིན་ཞག་ཞེ་དགུའི་དུས་ཚོད་ནང་ཇི་འདྲའི་སྐྱོ་བ་ལ
དགོང་ཞག་མ་ཚང་བའི་བཟའ་མི་བརྒྱད་པའི་འཚོ་བ་ནི་ཇི་འདྲའི་སྡུག་པ་ལ

ཨ་ཨ      མེ་ཏོག་དང་ལུ་གུ་འབའ་མྱོང་བའི་ལྷས་ར་གྲུ་བཞིའི་གཡང་ཁྱིམ་ནང་
གནའ་སྔ་མོ་ང་ཚོ་ནམ་རྒྱུན་འཛོམས་དུས་སུ
ཨ་ཕས་སྔ་མོ་ནས་ཁྱོད་ལ་བརྒྱད་ཅུ་གྱ་སྟོན་གྱི་མཛད་སྒོ་ལ་སྐྱེལ་མ་ཡང་ཡང་བྱེད་རྩིས་ཡོད།
མཚམས་ལན་རེར་ངས་ཁྱོད་རང་མི་ཡུལ་གྱི་ལྷ་གསོན་པོ་ཞིག་ཡིན་པ་དངོས་གནས་རྟོགས་འདུག
དངོས་གནས་ཁྱོད་རང་བཞུད་སོང་བའི་ལོ་ཟླ་ནི་མེ་ལོང་གི་ལོ་ཟླ་ཞིག་རེད།
ཁྱོད་རང་འདི་ལྟར་བཞུད་སོང་བའང་བདེ་སྐྱིད་ཅིག་རེད།     ལས་དབང་ཞིག་རེད།
ནམ་རྒྱུན       ལྷིང་འཇགས་ཀྱི་ཁྲོད་ན་མ་ནི་ཡིག་དྲུག་སེམས་ཀྱིས་ཟློས་ཏེ་
ཡང་ཡང་སྨོན་ལམ་འདེབས་ཀྱིན་པ་ང་ཚོ་ཡིན།
དུས་ཚོད་ག་འདྲ་ཞིག་གི་སེམས་སྨྲེང་ཁྲོད་ནས་བསང་དུད་ཀྱི་དྲི་མ་ཆད་དུ་འཇུག་གྱིན་མེད་པའང་ང་ཚོ་ཡིན་འོས།
ཞོགས་པ་དེར      སུ་དང་གང་གིས་ཁྱོད་ལ་མིག་ཟུང་ཅེར་ནས་ཡུན་རིང་འགོར
ཞོགས་པ་དེར       ཁྱེད་ཀྱི་ཉེ་ངོགས་ན་སྙིང་རྗེ་བའི་ཕྲུ་གུ་དག་བསྐྱུར་ནས་ངུ་གྱིན་འདུག
དོན་ངོ་མ་ཁྱེད་ཀྱིས་འདི་དག་མཐོང་ཨེ་བྱུང་།
མི་ལ་ལས        སྙིང་མ་ལྡིང་བའི་མཚམས་སུ་མི་དེ་ཤི་འདུག་ཟེར
ང་ལ་དེ་ལས་ཚོར་བ་ངོ་མ་ཞིག་ཡེ་ནས་མེད་དེ
ཡང་བསྐྱར་ཁྱེད་ཀྱི་མཚན་མིང་ནས་ཡང་ཡང་བོས་ནའང་
ཁྱེད་ཀྱི་ང་ལ་ཨ་ལན་མི་སྟེར་བ་ཅི་རེད།
ཨ་མྱེས་ལགས།    ཁྱོད་རང་འདི་ལྟར་མཇུག་རྫོགས་སོང་།
མི་ལོ་བདུན་ཅུ་ནི      ང་ལ་མཚོན་ན་ནམ་མཁའ་ལྟ་བུའི་དྲི་བ་ཞིག་རེད།
ཁྱེད་ཀྱི་ལང་ཚོ་དང་།     ཁྱེད་ཀྱི་གཟི་བྱིན།
འགྱོད་མེད་ཀྱི་གསེབ་ན་མ་ལུས་བའི་ཁྱེད་ཀྱི་ཁ་ཆེམས་དག
ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་།
ཚེ་རབས་འདིར་ཁྱེད་ཀྱི་ཚ་བོའི་དོན་དུ
སྡུག་བསྔལ་ག་འདྲ་ཞིག་གསོག་ཡོད།
ངོ་མ་བཤད་ན་ང་ལ་ནུས་བ་ཅི་ཡང་མི་འདུག     
རྣམ་ཤེས་གསར་དུ་མ་འཁྲུངས་བའི་ཉིན་འདི་དག་ཁྲོད་དུ
ངེད་ཅག་གིས་ཉི་ཟེར་བཞིན་གྱི་མར་མེ་ག་ཚོད་ཞིག་སྒྲོན་ཡོད།
ཇོ་བོ་མདུན་ནས་སྐྱབས་འཇུག་ཞུས་ནས་ཉིན་ཞག་ག་ཚོད་འགོར་ཡོད།
ཁྱོད་རང་བདེ་བར་ཕེབས་དང་
ཁྱེད་ཀྱི་གམ་ན་ཚ་བོ་དང་ཚ་མོ་དག་གིས་ཁྱོད་རང་སྐྱོར་ནས་འོང་གིན་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚར་སོང་བའི་འཇིག་རྟེན་ཞིག

2011-11-09 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།