གསར་འགྱུར།

སྨྱོས་ཤིག
                          སྨྱོན་པའི་དུས་སྐབས་སླེབས་འདུག
                                  ཕྱི་ནང་གཉིས་ཀ་སྨྱོས་ཤིག
                                  སྨྱོན་པའི་གཏམ་འཆད་རོགས
                                  སྨྱོན་པའི་བྲོ་འཁྲབ་རོགས
                                   སྨྱོན་པའི་གླུ་ལེན་རོགས
                                   སྨྱོན་པའི་རྩོམ་ཡང་འབྲི་རོགས

                                  
ག་གེ་མོ   ཡང་ན་རང་ཉིད་ཀྱི་ཚབ་མཚོན་དེ
ཇ་ཕོར་ཞིག་གི་ནང་ངོས་སུ་གསལ
འོད་ཡུག་ཡུག    ཡང་ན་ཞིམ་ཞིམ་དུ་སྣང 
སྤྱོད་ཁང་གི་ཕྱི་ངོས་སུ་གསལ
གློ་བུར་བའི་བརྡ་སྦྱོར་ཞིག་འབྱོར་ནས
མགྲོན་པོ་རེ་རེ་ཁང་ཁྱིམ་དུ་བསུ་དགོས་ཟེར
དེ་དུས     མཁར་གྱང་ཆེན་པོ་ཞིག
བདག་གི་སྙེས་འབོལ་སྟེང་ལོག་ཡོང་བའི་འཚོར་བ
མིག་མདུན་ནས་དངོས་སུ་གྲུབ་དུས
བདག་གིས་གཞི་ནས
སུ་ལའང་བརྗོད་མི་རུང་བའི
གསར་འགྱུར་ཞིག་འབྲི་དགོས་བྱུང
 
སུ་ལའང་མ་བཤད
ངས་ཀྱང་མི་བཤད
ཡང་ན་བློ་ངོས་སུ་འཆར་དུས
རང་ཉིད་ལ་ཚ་འདྲི་ཐོངས
དེ་དུས     རྡུལ་ཕྲན་གཅིག
དེ་དུས      རྡུལ་ཕྲན་གཉིས
དཔག་དཀའ་བའི་གྲངས་འབོར་རེ་རེ
འཇིགས་ཡེར་བའི་ཚེ་སྲོག་ཏུ་གྲུབ་ཀྱང
རྨི་ལམ་ཁོ་ན་ཡིན་པའི་ཚུགས་ཀ་སྟོན
མུན་ནག་ཟས་སུ་སྒོམ་དུས
ད་གཟོད་སྤྱང་གྲོང་ཅན་ཚོ་ཐོན་ཚར་འདུག
འདི་ཡང་གསར་འགྱུར་ཞིག་ཡིན
སུ་ལའང་མ་བཤད
ངས་ཀྱང་མི་བཤད
 
བླ་འབོད་གཏོང་དུས
བླ་འཁྱམས་གྲིབས་ཡོད
མིག་ཟུང་མ་འབྱེད་རོགས
ཤུགས་རིང་མ་གཏོང་རོགས
མེ་ཡོད་ས་ན
དུ་བ་ཡོད་པས
རྩ་དོན་རེ་རེ
རྩ་དོན་རེ་རེ་ཡིན་པས
ད་ལོ་ཡང   དགུན་རྒྱ་སྟག་འདྲ་བོ་ཐོན་ཐལ
ཐབས་ལམ་ཞིག་མེད་པས
རང་ཁྱིམ་འདིའི་ཕྱི་ནང་ལ
ཤ་ཁྲག་ཁོ་ནའི་དྲོད་ཁོལ་གཏོང་དགོས
དགོངས་པ་མ་ཚོམས
འདི་ཡང་གསར་འགྱུར་ཞིག་ཡིན་པས
སུ་ལའང་མ་བཤད
ངས་ཀྱང་མི་བཤད
 
                         དྲ་ཁང་ཞིག་ནས་སྨྱོ་འབྲི་བྱས་པ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་འགྱུར།

2011-11-04 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

སྨྱོས་ཤིག
                          སྨྱོན་པའི་དུས་སྐབས་སླེབས་འདུག
                                  ཕྱི་ནང་གཉིས་ཀ་སྨྱོས་ཤིག
                                  སྨྱོན་པའི་གཏམ་འཆད་རོགས
                                  སྨྱོན་པའི་བྲོ་འཁྲབ་རོགས
                                   སྨྱོན་པའི་གླུ་ལེན་རོགས
                                   སྨྱོན་པའི་རྩོམ་ཡང་འབྲི་རོགས

                                  
ག་གེ་མོ   ཡང་ན་རང་ཉིད་ཀྱི་ཚབ་མཚོན་དེ
ཇ་ཕོར་ཞིག་གི་ནང་ངོས་སུ་གསལ
འོད་ཡུག་ཡུག    ཡང་ན་ཞིམ་ཞིམ་དུ་སྣང 
སྤྱོད་ཁང་གི་ཕྱི་ངོས་སུ་གསལ
གློ་བུར་བའི་བརྡ་སྦྱོར་ཞིག་འབྱོར་ནས
མགྲོན་པོ་རེ་རེ་ཁང་ཁྱིམ་དུ་བསུ་དགོས་ཟེར
དེ་དུས     མཁར་གྱང་ཆེན་པོ་ཞིག
བདག་གི་སྙེས་འབོལ་སྟེང་ལོག་ཡོང་བའི་འཚོར་བ
མིག་མདུན་ནས་དངོས་སུ་གྲུབ་དུས
བདག་གིས་གཞི་ནས
སུ་ལའང་བརྗོད་མི་རུང་བའི
གསར་འགྱུར་ཞིག་འབྲི་དགོས་བྱུང
 
སུ་ལའང་མ་བཤད
ངས་ཀྱང་མི་བཤད
ཡང་ན་བློ་ངོས་སུ་འཆར་དུས
རང་ཉིད་ལ་ཚ་འདྲི་ཐོངས
དེ་དུས     རྡུལ་ཕྲན་གཅིག
དེ་དུས      རྡུལ་ཕྲན་གཉིས
དཔག་དཀའ་བའི་གྲངས་འབོར་རེ་རེ
འཇིགས་ཡེར་བའི་ཚེ་སྲོག་ཏུ་གྲུབ་ཀྱང
རྨི་ལམ་ཁོ་ན་ཡིན་པའི་ཚུགས་ཀ་སྟོན
མུན་ནག་ཟས་སུ་སྒོམ་དུས
ད་གཟོད་སྤྱང་གྲོང་ཅན་ཚོ་ཐོན་ཚར་འདུག
འདི་ཡང་གསར་འགྱུར་ཞིག་ཡིན
སུ་ལའང་མ་བཤད
ངས་ཀྱང་མི་བཤད
 
བླ་འབོད་གཏོང་དུས
བླ་འཁྱམས་གྲིབས་ཡོད
མིག་ཟུང་མ་འབྱེད་རོགས
ཤུགས་རིང་མ་གཏོང་རོགས
མེ་ཡོད་ས་ན
དུ་བ་ཡོད་པས
རྩ་དོན་རེ་རེ
རྩ་དོན་རེ་རེ་ཡིན་པས
ད་ལོ་ཡང   དགུན་རྒྱ་སྟག་འདྲ་བོ་ཐོན་ཐལ
ཐབས་ལམ་ཞིག་མེད་པས
རང་ཁྱིམ་འདིའི་ཕྱི་ནང་ལ
ཤ་ཁྲག་ཁོ་ནའི་དྲོད་ཁོལ་གཏོང་དགོས
དགོངས་པ་མ་ཚོམས
འདི་ཡང་གསར་འགྱུར་ཞིག་ཡིན་པས
སུ་ལའང་མ་བཤད
ངས་ཀྱང་མི་བཤད
 
                         དྲ་ཁང་ཞིག་ནས་སྨྱོ་འབྲི་བྱས་པ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།