སེམས་པ་ཁྱོད་ལ་གླན་ན།

སྨག་འཇོམས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-27

                    ༡
མི་ཚོགས་ཀྱིས་སྐྱོ་དབྱངས་གྱེར་སའི་འཇིག་རྟེན་འདིར།
ངས་སེམས་ཀྱི་སྐད་ཆ་དག་སྨྱུག་རྩེར་དྲངས་ནས།
ཤོར་ཟིན་པའི་ཁྱོད་ལ་ཅི་ཙམ་བོས་ཀྱང༌།
ཁྱོད་ནི་གྲགས་འགུལ་མེད་པའི་ཕ་བོང་ཞིག
དེ་བས་མི་ཡུལ་འདིར།
ང་རང་ན་ཟུག་གིས་འཚོས་ཡོད།
ང་རང་རེ་སྒུག་གིས་འཚོས་ཡོད།
ང་ཁྱོད་ཀྱི་ཨ་ལན་ཞིག་ལ་རེ་ནས་ཡོད།
ང་ཁྱོད་ཀྱི་འཛུམ་མདངས་ཤིག་ལ་ཆགས་ནས་ཡོད།
སྙིང་རྩ་དམར་པོ་ནས་བླངས་བའི་སྙིང་གཏམ་མགུར་མ།
ནམ་ཞིག་རྣོ་ངར་གྱི་མདའ་མོ་བཞིན་ཁྱོད་སེམས་ཀྱི་ཟྭ་ཆེན་གཏོར་ནས།
སྙིང་གཏམ་གྱིས་བུ་རམས་དག་བདག་ལ་བསྩོལ་སྲིད།
                    ༢
ང་ནི་ཁྱོད་ཀྱི་ཆེད་དུ་རང་ཉིད་བོར་བའི་མྱི་བུ་ཞིག
མི་ཚོགས་ཀྱི་འཕྱ་དམོད་དང་མཛེས་མ་ཚོས་མིག་མདའ།
བདག་ཕྱོགས་ལ་ཅི་ཙམ་འཁོར་ཡང་གཏན་ནས་ཡ་ལན་བྱེད་མི་འདོད་དེ།
ང་རང་ཁྱོད་ཀྱི་བརྩེ་བའི་ཕྱིར་དུ་གནའ་ནས་སྨྱོས་ཟིན་པས་སོ།
རེ་སྐྱིད་རེ་སྡུག་གི་འཚོ་བ་དེའི་ནང་རོལ་དུ་ང་ལ་མཁོ་བ་ཁྱོད་ཡིན་ལ།
ངའི་གངས་དཀར་གྱི་སྦུབས་སུ་ཉལ་བའི་སེང་གེ་དཀར་མོ་དེའང་ཁྱོད་ཡིན།
ནམ་ཞིག་ཁྱོད་ཀྱི་བརྩེ་བའི་དྲོད་ཁོལ་དེ་ཐོབ་ན།
ངས་རང་ཉིད་ཀྱི་ལུས་པོ་འདི་ལ་ཞིབ་ལྟ་ཐེངས་གཅིག་བྱེད་ངེས།
ངས་རང་ཉིད་ཀྱི་འཚོ་བ་འདི་ལ་གཤག་བཅོས་ཐེངས་གཅིག་བྱེད།
དུས་དེར་ང་ནི་ང་རང་མ་ཡིན་པའི་ང་རང་ཞིག་སྟེ།
འཕྱ་བ་དང་དམོད་མོ་ལ་དགའ་བའི་མྱི་བུ་དེ་དག་གི་མདུན་ནས།
ཞེ་ལྷོད་ལྷོད་ཀྱིས་སྐད་ཆ་འགའ་ཡང་འཆད་ན་འདོད།
                         ༣
བརྗོད་དཀའ་བ་ལས་དབང་ཡིན་ན།
བགྲོད་དཀའ་བ་བརྩེ་དུང་གི་ལམ་བུ་ཡིན་ན།
ང་ནི་ཁྱོད་ཀྱི་ཁོར་ཡུག་གི་གྲུ་ཟུར་རེ་རེ་ནས།
མིག་གིས་ཁྱེད་རང་འཚོས་ཤིང་སེམས་ཀྱིས་ཁྱོད་ལ་ཉན་པའི།
བྱང་རླུང་གིས་མ་བཏེགས་པའི་རྡོ་བ་ཞིག་བྱེད་ན་འདོད།
                     ༤
ཁ་བ་རླུང་གིས་འཁུར་གྱིན་འདུག
སྡོང་ཆེན་རླུང་གིས་འགུལ་གྱིན་འདུག
ལྷགས་པ་གྲང་མོ་ཞིག་ཚེར་མ་བཞིན།
སྒོ་དང་སྒེའུ་ཁུང་གི་བར་གསེང་རེ་ནས།
འཁྱག་སིབ་སིབ་དང་གྲང་སིལ་སིལ་གྱིས།
ཁང་ཆུང་གྲུ་བཞི་འདིར་དཔུང་རྒྱུག་བྱེད་དུས།
མལ་ཐུལ་ལེབ་མོ་གཉིས་ཀྱི་འདྲེས་འཚམས་ན།
ཁེར་རྐྱང་གི་ཤུགས་རིང་འཐེན་གྱིན་པའི་ཁོ་བོ།
རང་གི་སྙིང་ཆུང་འདྲ་བའི་ཁྱོད་ལ་ཆགས་ནས་ཡོད།
                     ༥
མེ་ཏོག་གི་ཡལ་འདབ་གཅོད་པའི་དུས་ཀྱི་ཙག་རླུང༌།
གང་ཟག་གི་ཡིད་སེམས་གསོད་པའི་བརྩེ་བའི་མདའ་མོ།
དུས་ཚོད་དང་སྐར་མ་སྐར་ཆ་རེ་རེར་མིག་དང་རྣ་བར་འཛུལ་དུས།
ལག་ཟུང་འདི་ཤུགས་ཀྱིས་བཀྱགས་ནས་དགབ་འདོད་ཅིག་སྐྱེས་ཀྱང༌།
མ་གཞི་འདི་དག་ཡོད་ཚད་རང་ཉིད་ཀྱི་སེམས་ཀྱིས་མྱོང་བའི་ན་ཟུག་ཞིག
དེ་བས་དལ་ལྷོད་ལྷོད་ཀྱི་སེམས་གཞས་སྐྱུར་མོ་ཞིག་ལ་རོལ་བཞིན།
སྐྱ་ཆད་སྔོ་རྡུགས་ཀྱི་སེམས་པ་འདི་གསོ་ཐབས་ཅི་ཙམ་བྱས་ཀྱང༌།
ལས་དབང་གིས་བཀོད་སྒྲིག་གམ་ཡང་ན་གདམས་ངའི་ནོར་འཁྲུལ་དེས།
ང་ནི་དམྱལ་ཁམས་ཀྱི་ལུང་བ་རེ་ནས་དམྱལ་ཁམས་གཞན་ཞིག་ཏུ།
སྙིང་རྗེ་དང་བྱམས་སེམས་ཅི་ཡང་མེད་པར་འཁྲིད་ཀྱིན་འདུག
འོན་ཀྱང་ང་ལ་འགྱོད་པ་དང་ལེ་བདའ་ཅི་ཡང་མེད།
བརྩེ་བ་འདིའི་ང་ཡི་འཇིག་རྟེན་གྱི་ཆེས་མཐའ་མའི་ཚེ་སྲོག་དེ།
ནུབ་རླུང་གིས་ཁུར་བའི་བྱ་སྤུ་ལྟར་ཡུལ་ཕྱོགས་གང་ཞིག་ཏུ་འཁུར་ན་ཡང༌།
ཁྱོད་ལ་དང་བའི་སེམས་པ་རྡོག་རྡོག་འདི་ནམ་ཡང་འགྱུར་བ་མེད།
དེ་བས་རི་རབ་གྱི་རྩེ་དང་རྒྱ་མཚོ་ཡི་གཏིང་ནས་ངས་ཁྱོད་ལ་སྐད་ལྷུང་ལྷུང་གིས།
ཐེངས་འགར་འབོད་ན་འདོད། འབོད་ན་འདོད།
                     ༦
ཁྱོད་ཀྱི་སེམས་པ་གོར་མོ།
འཁྱག་ལོག་ལོག་གི་རྡོ་བ་ཞིག་ཡིན་ན།
མིག་ལས་འཆོར་བའི་མཆི་མ་དག
སྡུག་ཐང་ན་ཡོད་པ་ཐོད་ལ་ལན་ཚུལ་ཞིག་སྟེ།
རང་སྡུག་རང་གིས་ཉོས་པའི་ལན་ཆགས་ཤིག
                    ༧
འཁོར་བ་འདིའི་གྲུ་ཟུར་རེ་རེ་ན།
འདུར་རྒྱུག་ལ་བྲེལ་བའི་མི་སེར་ཚོ།
ཚེ་གཅིག་ལ་འབད་པའི་བྱ་འབྲས་དག
འཆི་བ་ཞེས་པའི་སྲོག་གཅོད་དེ་ཐོན་དུས།
ཅི་ཡང་ཁྱེར་ཡུལ་དང་སྐུང་ཡུལ་མེད་པར།
རང་ལུས་གཅེར་བུ་དེ་ཡང་འབྱུང་ལྔའི་ཁ་ཟས་ལ་སྦྱིན་གྱིན།
ཕྱི་མ་གཞན་ཞིག་ཏུ་འགྲོ་དགོས་པར་བསམ་ན།
ངས་ཁྱེད་རང་དྲན་པ་སྡུག་བསྔལ་རེད།
ངས་ཁྱེད་རང་ཐོབ་པ་ལན་ཆགས་རེད།
འོན་ཀྱང་ཉོན་མོངས་ཀྱིས་བཟུང་བའི་སེམས་པ།
སྲབ་མཐུར་མེད་པའི་རྒོད་པོ་གཤོག་ཐོགས་ལྟར།
དུས་ཚོད་སྐར་ཆ་རེར་ཁྱོད་ཕྱོགས་ལ་ཤོར་འགྲོ་བར་སྙམ་ན།
ལྷ་མོ་སྐྱིད་ཟེར་བའི་འདང་རྩའི་ཆེ་སའི་བུ་མོ་ཁྱོད།
བདག་གི་དབུགས་ཀྱི་རྒྱུ་བ་གཅོད་པའི་ལྕེབས་ཐག་དེ་ཡིན་པར་འདོད།
                           ༨
རྒྱ་མཚོའི་རྦ་རླབས་ལྟ་བུའི།
དགུན་གྱི་ལྷགས་རླུང་འདྲ་བའི།
དྲན་པའི་ན་ཟུག་ལྕི་མོས།
ངའི་སེམས་པ་གཡོ་གྱིན་འདུག
རི་རབ་ཀྱི་དར་ལྕོག་བཞིན་གཡོ་གྱིན་འདུག
སྟོན་མཇུག་གི་སྡོང་ལོ་ལྟར་ཁུར་གྱིན་འདུག
འོན་ཀྱང་ཤོག་དཀར་ལ་བྲིས་པའི་སེམས་འཕྲིན་དེ།
ཁྱོད་ཕྱོགས་ལ་བསྐུར་འདོད་ཅི་ཙམ་སྐྱེས་ཀྱང༌།
ཆ་འཕྲིན་འཕེལ་རྒྱས་ཞན་པའི་གཞི་རིམ་དུ།
ཡིག་བསྐུར་ཁང་གཅིག་ཀྱང་མེད་པ་དྲན་ན།
བརྗོད་དཀའ་བའི་སྡུག་བསྔལ་ཞིག་གིས།
མགྲིན་པ་འདི་བརྣངས་ཀྱིན་འདུག་ལ།
འཁྱག་ལོག་ལོག་མིག་ཆུའི་རྒྱུན་ཞིག་གིས།
མཁུར་ཚོས་འདི་ཡང་བརླན་གྱིན་འདུག
                        ༩
མི་ཚོགས་མང་བོ་འདུས་སྡོད་ཀྱི།
གྲོག་ཚང་འདྲ་བའི་གྲོང་ཁྱེར་ན།
ངས་རྒྱ་སེ་མེ་ཏོག་ཚོམ་གཅིག་བཟུང་ནས།
རྒྱང་རིང་གི་ཁྱོད་ལ་ཉན་ནས་ཡོད།
ནམ་ཞིག་ནམ་མཁའ་འདི་ཡང་རང་ཉིད་ཀྱིས།
གང་འདོད་ཀྱིས་ལག་པ་བསྲིང་ཐུབ་པའི་རྒྱུ་ནོར་དེ་ཡིན་ན།
ངས་མཁའ་དབྱིངས་ཀྱི་ཉི་ཟླ་སྐར་གསུམ་བླངས་ནས།
སེམས་རྟེན་མ་ཁྱོད་ལ་རྒྱན་ཆས་སུ་འདོགས་འདོད་ཡོད།
                     ༡༠
ནམ་ཞིག་འབྱུང་བཞི་ཡི་ཞེ་སྡང་ཁྲོས་ནས།
འཇིག་རྟེན་གྱི་ངོ་བོ་འགྱུར་ཡང༌།
ཁྱོད་ལ་དུངས་བ་འདི་འགྱུར་མི་སྲིད་ལ།
ཁྱོད་ཕྱོགས་ལ་བྲིས་པའི་སྨྱུག་ཁ་འདི་ཡང༌།
གཏན་ནས་གཏན་ཏུ་སྡོད་མི་སྲིད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་ཁྱོད་ལ་གླན་ན།

2011-10-27 སྨག་འཇོམས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།