གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲང་རྩི་ལྟ་བུའི་འོ།

2011-12-25 18:28:00 ཉི་ཟླ་ཧེ་རུ་ཀ ཀློག་གྲངས། མཆན ཡོད།


ངས་ཁྱེད་ལ་སྙིང་སྡུག་ཟེར་དུས།
ཁྱེད་ཀྱིས་ང་ལ་སྦྲང་རྩི་ཟེར་རོགས་ཟེར།
སྦྲང་རྩི་ལྟ་བུའི་འོ་དེས་དུང་ཕྱུར་གྱི་ཕྲ་ཕུང་གིས་སྐྲུན་པའི་ལུས་པོ་ཞིག་དགའ་བས་འཁྲུལ་དུ་བཅུག
ཁྱེད་ཀྱི་སྙན་ངག་དེ་ངའི་རྨི་ལམ་དུ་འཛུལ། ཁྱེད་ཀྱི་རྨི་ལམ་དུ་ངའི་སྙན་ངག་བྲིས།
འཇིག་རྟེན་དཀར་པོ་ཞིག་ན། ཉི་མ་དམར་པོ་ཞིག
འོད་ཐིག་དམར་པོ་དེ་ཁྱེད་ཀྱི་གདོང་པ་ཡིན།
མཆུ་ཏོ་དྲོན་པོ་དེས། སྦྲང་རྩི་ལྟ་བུའི་འོ་ཞིག་བྱས།
འདོད་པའི་མཆིལ་མ་དེ་སྦྲང་རྩིའི་ཐིགས་པ་ཡིན།
དྲན་པའི་མིག་ཆུ་ཡང་སྦྲང་རྩིའི་ཟིལ་བ་ཡིན།
ཚད་མེད་པའི་མེ་ཏོག་གི་བཅུད།
འགོག་མེད་ཀྱི་བརྩེ་བའི་གསོས།
དཔག་མེད་ཀྱི་མཁའ་འགྲོ་མ།
གཏིང་མེད་ཀྱི་ཆུ་ཐིགས་མ།
མ་གཞི་ཁྱེད་ནི་གཞི་ནས་སྦྲང་རྩིའི་ཐིགས་པའི་ཐིག་ལེ་ཡིན་པ་ཤེས་བྱུང་།

                                               Sweden  སྭི་ཌེན་ནས།
                                            ༢༠༡༡ལོའི་ཟླ་༡༢པའི་ཚེས་༢༢ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།