གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཅི་ཞིག་བོར་སོང་།

2011-12-17 09:14:00 འབྲོག་བུ་སྒྲོལ་མ་སྐྱབས། ཀློག་གྲངས། མཆན ཡོད།

      བདེན་ནི་ནམ་ཡང་བདེན་པ་རང་ཡིན་པས་དེ་ལ་གོས་ཀྱིས་ཇི་ལྟར་གཡོགས་ཀྱང་སྤྲིན་ལས་གྲོལ་བའི་ཟླ་བ་བཞིན་ནམ་ཞིག་འཇིག་རྟེན་འདིར་ཀུན་ནས་གསར་བར་འགྱུར་བར་ཡིན།
 ལོ་ཟླ་ཞིག་བཞུད་སོང་།
ལག་སྟོང་དུ་བསྡད་ཡོད                                                                  ­
གྲག་འགུག་ཅི་ཡང་མེད་པར་ཁུ་སིམ་མེར།
ཅི་ཡང་མེད་པའི་ང་།
སྔར་བཞིན་ཆུ་མོ་ཞིག་གི་བཞུད་སྟངས་ལ་བལྟ་དགོས་སམ་མེ་ཏོག་ཞིག་གི་སྐྱེ་མཚར་
ལ་ཧད་དགོས།
ཟླ་བ་འདིའིཕར་ལོགས་ནས་ངའི་རྨི་ལམ་རྨིས།
ཉི་མ་འདིའི་ཚུར་རོལ་ནས་ང་གཉིད་དུ་ཡུར།
མཁའ་མཐའ་ནས་སྐར་མ་བཞད་བྱུང་།
ཐོ་རེངས་ལས་བྱ་ཕོ་ངུས་བྱུང་།                                             
མེ་ཏོག་མེད་པའི་མཚན་མོ་།                                                
དབྱར་ཟླ་ཡིན་ནམ་དགུན་ཟླ་ཡིན།                                         
སྔོ་ཤང་ཤང་གི་ཆུ་མོ་ བཞུར་སོང་།                                        
སྐྱ་ཐང་ཐང་གི་འཇིག་རྟེན་ལུས་ཡོད །                                     
སུ་ལ་མ་བཤད།
ང་ཡོང་གི་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།