གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་སྔོན་པོ། ང་ཚོ་ལ་གུ་ཡངས་གཏང་རོགས།

2011-12-04 11:05:00 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།


ཆར་རྒྱུན་གྱིས་སྡོང་ལོའི་དབུ་ཉམས་དུད་ནས་བརླན་པར་གྱུར་དུས་སུ་
མི་ཡུལ་གྱི་ཁ་དོག་མི་མཛེས་བའི་སྦྲ་ནག་གི་སླ་ངའི་ཞབས་ན
ཉི་ཟེར་གྱི་འོད་མདངས་དབེན་པའི་རྩེད་ར་ཆུང་ཆུང་ཞིག
འདི་ལྟར་ཡལ་མེད་པས་སྔོན་ལྟར་ཆགས་འདུག
 
མདོག་དང་ཁ་བྲལ་བའི་ལྷ་གོང་མའི་གདན་སྟེང་ན་
མི་ཡུལ་གྱི་ཆེ་གེ་མོ་ཞིག་གིས
དད་པ་ལྷ་ལ་བཅོལ་བཞིན་
ཚུལ་འཆོས་རང་ནས་མངོན་བཞིན
ཕྲ་སྦོམ་གྱི་སྐད་ཆ་དག་གིས་ཁྱོད་ལ་ཕོག་ཐུག་བཟོས་སོང་བ་འདུག
 
གནམ་སྔོན་པོ།   ང་ཚོ་ལ་གུ་ཡངས་གཏོང་རོགས།
མཛེས་སྡུག་ནི་ཡིད་ཚིམ་པའི་སེམས་ཀྱི་བཟོད་སྒོམ་ཞིག་རེད།
མེད་མུག་དང་ཞེ་ཆད་པའི་སེམས་འདུན་གྱི་སྦུབས་སུ་
ཡུན་རིང་ཞིག་ལ་སྒོམ་མ་མྱོང་བའི་འཚོ་བ་ཞིག་ཡོད་ངེས་རེད།
 
ཐོབ་ཐང་ག་འདྲ་ཞིག་ནས་འགྲེལ་བཤད་བྱེད་དགོས་ཚུལ་མི་ཤེས་བའི་
གནམ་གྱི་ཡོད་ཚད་ཁྱོད་རེད།
མི་སེར་ཚོའི་ལག་གི་དངུལ་ལོར་ཡོད་ཚད་ཁྱོད་ལ་བཏེགས་ནས
ཁྱེད་ཀྱིས་སླར་ཡང་ང་ཚོ་ལ་གནང་སྦྱིན་ཡང་ཡང་གཏོང་གིན་འདུག
དེ་ནི་དྲ་མའི་ངོས་ལ་འབྱར་བའི་རླངས་བའི་རྡུལ་དབུགས་ཙམ་དུ
ངོས་མི་སྙོམས་པའི་འཁྱག་དར་ཞིག་རེད།
 
ལག་ཟུང་གཉིས་ཀ་སྦོམ་ཕྲ་ཡོད་ཚུལ་དང་
མིག་ཟུང་གཉིས་ཀ་ཆེ་ཆུང་ཡོད་ཚད་ཀྱིས
ངས་ནམ་ཡང་པུས་མོ་སར་བཙུགས་ནས་བུམ་པ་ནང་གི་
ཆུ་དེའི་བྱིན་རླབས་སྙེག་གྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།