གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གུང་དང་ཚོར་སྣང་ཐུང་ངུ།

2012-02-26 22:44:00 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།

ཆུ་ཚོད་ཀྱི་ཐག་སྒྲ་དང་ལྷན་དུ
ཚད་བཀག་མེད་པར་བགྱིས་ན་
དྲ་ཉུལ་བྱ་བར་རྫོགས་མཐའ་བྲལ་ལ
སྒེའུ་ཁུང་གི་ཡོལ་བ་ཨེན་ཙམ་ཕྱེས་ཏེ
ནམ་མཁར་ལྟ་དུས
 ཁྲ་ཆི་ལེར་འཕྲོས་པའི
སྐར་མའི་ཚོགས་ཀྱིས
བདག་ལ་་་  རྨི་ལམ་རྨི་བའི
དུས་ཚོད་འཇུག་སྒྲིལ་ལ་ཉེ་ཟེར
 
དེ་དུས་་་ ཟླ་བས་ཀྱང
བདག་ལ་མི་དགའ་བའི་རྣམ་འགྱུར་ཞིག་སྟོན་སྲིད་ཨང
            ༢༠༡༡.༡༡.༠༧མཚན་མོར།
 
      མདང་དགོང་གི་རྨི་ལམ།
ཚེ་སྨད་ཀྱི་མི་ཚེ་དེ་ལ་འཐམས་ནས་
གཞོན་དུས་སུ་བསྐྱུར་བའི
སྒྲུབ་འདོད་པ་དག་གི
གོ་སྐབས་ལ
ཨུ་ཚུགས་ཀྱིས་སྒུག་བཞིན
སྡུག་བསྔལ་གྱི་ཀློང་ནས་འཚོས   ན་ཟུག་གི་ཁྲོད་ནས་འཚོས
 
ཤོར་སོང་བའི་ཐོབ་བྱ་དག་ལ
འགྱོད་མིག་གིས་ཕྱིར་ལྟོས་རེ་འཕེན་བཞིན
སེམས་སྡུག་གི་གསེབ་ན   མིག་ཆུ་ཡི་ཀློང་ན
ཆེས་མཐའ་འཇུག་གི
མི་ཚེ་དེ་ལ་རོ་འཐམས་ཤི་འཐམས་བྱས་འདུག
                  ༢༠༡༡ .༠༢.༡༧ཉིན།
 
      རི་བོ་དེའི་ཕ་རོལ་ན།
ཚོར་བ་འབྲི་བ།
གོ་ལ་འདི་དང་འདིའི་དེང་སྐབས་ཀྱི་འཚོ་གནས་ནི
ནམ་ལངས་པ་དང་ས་རུབ་པ་ནས་མ་རུབ་པའི་བར་དུ
ཡང་ན  ནམ་གུང་སོགས
 
གློག་འོད་ཀྱི་རྒྱུན་མི་ཆད་པ་དེ་ནི
ཚན་རིག་གི་ཚ་བོ་ཡིན་ནམ
མུན་ཁྲོད་དུ་གནས་པའི་གློག་འོད་ལས་ཁྱོད་ཚོར
ཚོར་བ་ཅི་འདྲ་བསླངས
 
འབྲོག་ཐང་ན་ཁུ་བྱུག་གི་གདངས་སྙན་དང་བཅས་སྐད་མོད་ཨང
དེ་འདྲའི་ལྷིང་འཇགས་ཀྱི་ཡུལ་གྲུ་དེ་ཚན་རིག་གིས
དཀྲོགས་བཞིན་མེད་དམ
 
འདི་ལྟར་མི་རྣམས་འུར་འུར་དང་སང་སིང་ངང
འཚོ་བར་ལྡུར་དྲི་ལས་དབེན་དྲི་དེ་ཡེ་ནས་བྲལ་པས
ངས་རང་ཉིད་ཀྱི་  འཚོ་བའི་སླད་དུ
མི་ཚེ་ལ་སྤྲོ་བ་འཕེལ་ཕྱིར  བདེ་སྐྱིད་བསྐྲུན་ཕྱིར
 
བསམ་གཞིགས་ཀྱི་སྨེ་ངག་མང་པོ་འདོན་མྱོང
 
དེ་ལྟར་ངས  རི་བོ་དེའི་ཕ་རོལ་ན  ཟེར་བ་ཞིག
སྨྲ་བསམ་བརྗོད་མེད་ལས་རྙེད་པའི
གསང་བའི་འཇིག་རྟེན་ནོ
 
ངས་གསང་བའི་འཇིག་རྟེན
ངས་རི་བོ་དེའི་ཕ་རོལ་ན  ཚན་རིག་མེད་ལ
འགྲོ་འདུག་དལ་བའི་མེ་འཁོར་མེད
འཕུར་བསྐྱོད་དལ་བའི་གནམ་གྲུ་ཟེར་བ་དེའང་མེད
 
མགྱོགས་མྱུར་ལྡན་ལ  ཡང་ཆེས་མགྱོགས་པའི
བསམ་བློའི་འཁོར་ཕྱོགས་དང
མཛེས་ཉམས་ལྡན་ལ  ཡང་ཆེས་མཛེས་པའི
སྤྲོ་འཛུམ་གྱི་རྣམ་པས་ཡོངས་སུ་ཕྱུག་པའི
 
ངའི་རི་བོའི་ཕ་རོལ
ངའི་གསང་བའི་འཇིག་རྟེན
ངའི་མཛེས་ལྗོངས་ཆེན་མོ
            ༢༠༡༡.༠༩.༠༤

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།