ཀུ་རེ་ཞིག་གི་ཚུལ་ཏུ།


སུ་ལ་ཡང་དབུལ་བའི་མྱོང་བ་སྦྱིན་སོང་།
དངུལ་ལོ་ཡིས་ཚེ་སྲོག་གི་ལྗོན་པ་རྔུབ་ཀྱིན།
འཇིགས་ཡེར་བའི་ངོ་གདོང་བཤམས་པ་དེ་ཡང་།
ཁྲག་གིས་བརྫུས་པའི་གཡུལ་ས་ཞིག་དང་མཚུངས།
དུངས་པ་སེམས་ནས་འགྲེལ་མ་མྱོང་བའི་དངུལ་ལོ་འདིས།
སྐད་གཉིས་སྨྲ་བ་ཞིག་གི་ལག་ནས་ཆང་འཁྱེར་ཡོང་།
ཤུགས་སུ་བསྟན་པའི་ཁོ་བོས་ཆང་དེ་བརླ་སྟེང་དུ་བཞག་ནས།
ད་རུང་ཆང་དམ་བེ་གཅིག སྐད་གཉིས་སྨྲ་བའི་ཆང་མ་དེས།
ཧབ་དགོད་ཅིག་གིས་ཧད་པར་ཡང་གཏོང་སྲིད།
ལྭ་ཡེ་ཁྱེད་གང་ནས་འཚོལ་ཐུབ།
དེ་ནི་ཆང་མ་ཚོས་ཆང་ཁང་ནས་ཐོས་པའི་དགོད་གཏམ་རེད།

གློ་བུར་དུ།
ངག་མི་སྨྲ་བའི་ཐང་ཆད་སོང་བའི་ཁོ་བོས།
ལྷ་མོ་དེ།ཡང་ན་ལོ་ན་གཞོན་པའི་ཁོ་བོ།
ར་རོ་དུས་ཤིན་ཏུ་གླེན།
 ལུས་ཀྱི་ཤེད་ཤུགས་ཟད་ནས།
རྔ་མའི་རུས་རྐང་ཡང་ཆད་ལ་ཉེ།
གཟོད་བསྲན་དཀའ་བའི་ན་ཟུག་གི་ལམ་ནས།
ངུ་ཤུབས་ཀྱི་ལམ་ནས།སྨྲེ་སྔགས་ཀྱི་ལམ་ནས།
སྡིག་དམོད་ཀྱི་ལམ་ནས་སྐད་གཉིས་སྨྲ་བའི་ཆང་མ་ཚོས།
འགྱིག་གི་མོ་མཚན་བཟུང་ནས་ཆང་གི་ཕོར་བ་བཏེགས་ནས།
ཆང་ཕོར་དེ་མགོ་སྟེང་སློག་བཞིན་འདུག།

                            2012.1.17
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུ་རེ་ཞིག་གི་ཚུལ་ཏུ།

2012-01-18 ཤོག་བུ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


སུ་ལ་ཡང་དབུལ་བའི་མྱོང་བ་སྦྱིན་སོང་།
དངུལ་ལོ་ཡིས་ཚེ་སྲོག་གི་ལྗོན་པ་རྔུབ་ཀྱིན།
འཇིགས་ཡེར་བའི་ངོ་གདོང་བཤམས་པ་དེ་ཡང་།
ཁྲག་གིས་བརྫུས་པའི་གཡུལ་ས་ཞིག་དང་མཚུངས།
དུངས་པ་སེམས་ནས་འགྲེལ་མ་མྱོང་བའི་དངུལ་ལོ་འདིས།
སྐད་གཉིས་སྨྲ་བ་ཞིག་གི་ལག་ནས་ཆང་འཁྱེར་ཡོང་།
ཤུགས་སུ་བསྟན་པའི་ཁོ་བོས་ཆང་དེ་བརླ་སྟེང་དུ་བཞག་ནས།
ད་རུང་ཆང་དམ་བེ་གཅིག སྐད་གཉིས་སྨྲ་བའི་ཆང་མ་དེས།
ཧབ་དགོད་ཅིག་གིས་ཧད་པར་ཡང་གཏོང་སྲིད།
ལྭ་ཡེ་ཁྱེད་གང་ནས་འཚོལ་ཐུབ།
དེ་ནི་ཆང་མ་ཚོས་ཆང་ཁང་ནས་ཐོས་པའི་དགོད་གཏམ་རེད།

གློ་བུར་དུ།
ངག་མི་སྨྲ་བའི་ཐང་ཆད་སོང་བའི་ཁོ་བོས།
ལྷ་མོ་དེ།ཡང་ན་ལོ་ན་གཞོན་པའི་ཁོ་བོ།
ར་རོ་དུས་ཤིན་ཏུ་གླེན།
 ལུས་ཀྱི་ཤེད་ཤུགས་ཟད་ནས།
རྔ་མའི་རུས་རྐང་ཡང་ཆད་ལ་ཉེ།
གཟོད་བསྲན་དཀའ་བའི་ན་ཟུག་གི་ལམ་ནས།
ངུ་ཤུབས་ཀྱི་ལམ་ནས།སྨྲེ་སྔགས་ཀྱི་ལམ་ནས།
སྡིག་དམོད་ཀྱི་ལམ་ནས་སྐད་གཉིས་སྨྲ་བའི་ཆང་མ་ཚོས།
འགྱིག་གི་མོ་མཚན་བཟུང་ནས་ཆང་གི་ཕོར་བ་བཏེགས་ནས།
ཆང་ཕོར་དེ་མགོ་སྟེང་སློག་བཞིན་འདུག།

                            2012.1.17
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།