གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་།

2012-01-07 13:41:00 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


ཁྱོད་ནི  སྐྱེས་པ་ཚོའི་སྙིང་གི་ན་ཆུང་མའི་གསང་བུམ་ཡིན
ཁྱོད་ནི  སྐྱེས་མ་ཚོའི་སྙིང་གི་འདོད་བློ་ཡི་མེ་ཏོག་ཡིན
ཁྱོད་ནི  ཕྱུག་བདག་ཚོའི་མདུན་གྱི་དངུལ་ལོ་ཡི་ང་རྒྱལ་ཡིན
ཁྱིད་ནི  སྙན་ངག་པའི་ཡིད་ཀྱི་བརྗོད་བྱ་ཡི་དབུ་འཁྱུད་ཡིན
ཁྱོད་ནི  ཁྲོམ་ཆེན་འདིའི་བར་གྱི་དྭངས་གཙང་གི་ལེགས་སྐྱེས་ཡིན
ཁྱོད་ནི  སྤུན་གྲོགས་ཚོའི་བར་གྱི་གསེར་ཟམ་གྱི་དཔྱངས་ཐག་ཡིན
ཁྱོད་ནི  འཇུད་མཐུན་ཚོའི་གདོང་གི་བསླུ་བྲིད་ཀྱི་འཛུམ་ཟེར་ཡིན
ཁྱོད་ནི  དཔོན་ཆེན་ཚོའི་རྒྱབ་ཀྱི་ལྟག་སྒོ་ཡི་ལྡེ་མིག་ཡིན
ཁྱོད་ནི  བཟའ་ཟླ་ཚོའི་བར་གྱི་འཁོན་འཛིང་གི་འབྱུང་རྐྱེན་ཡིན
ཁྱོད་ནི  གྲུབ་ཐོབ་ཚོའི་ཕྱག་གི་ངོ་མཚར་གྱི་རྫུ་འཕྲུལ་ཡིན
ཁྱོད་ནི  ཕ་ལོ་ལ་མངའ་བའི་ཞེ་སྡང་གི་སྣ་འདྲེན་ཡིན
ཁྱོད་ནི  མ་ལོ་ལ་མོད་པའི་མིག་ཆུ་ཡི་འབྱུང་ཁུངས་ཡིན

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།