༢༠༡༡ལོར་སྡིགས་པ། ༢༠༡༢ལོ་བསུ་བ།

འཁྱོགས་གཟུགས་སུ་གྲུབ་པའི་ཨང་གྲངས་འདིས
དུས་གསུམ་གྱི་རྣམ་གཞག་སྟོན་ཐུབ་བམ
ཡང་ན    གྲངས་འདི་དག་གིས
མི་རིགས་ཀྱི་ལོ་རྒྱུས་ལ་བསྡོམས་རྩིས་ཡག་ཤོས་ཤིག་རྒྱག་དགོས་ས་རེད

གོ་རིམ་འཁྱོལ་ནས་སྒྲིག་པའི་ཨང་གྲངས་འདི
རྒས་པའི་དུས་ཁོ་ན་ངེས་འཛིན་བྱེད་པ་ཡིན་དུས
གྲངས་ཀ་དག་ཆུང་བ་ནས་ཆེ་བའི་རིམ་པ་ལྟར་སྒྲིག་ན
ཨང་གྲངས་འདིས་མ་རྙེད་པའི་ཡོད་ཚད་གསར་བསྔོག་བྱེད་ཐུབ་བམ

འདས་པའི་ལས་ལ་གཟུགས་མེད་པ་བཞིན
ཨང་གྲངས་ཀྱི་རི་མོ་འདི་ཉིད་གཟུགས་མེད་དུ་གྲུབ་ཚེ་ཤིན་ཏུ་ལེགས
སྐྱིད་ཀྱི་འཛུམ་རིས་ངོགས་སུ་རྣམ་པར་བཀྲ་ཡང
སྡུག་གི་མིག་ཆུའི་ཀློང་དུ་དམྱལ་བར་འདྲུད

ནམ་མཁའ་ལ་མཐའ་མེད་པའམ
གྲངས་ལ་ཚད་མེད་པ་འདི
འབྱུང་འགྱུར་ལ་འགོག་ཐུབ་མེད་པའམ
བདེན་ལུགས་ཀྱིས་གནམ་འོག་ཞི་བདེ་འགོད་པའི་མན་ངག་ཉིད

སྔ་མའི་གྲངས་ལ་རོ་དྲུག་ལྡན་ཡོད
འཚོ་བ་ནི་སྐྱ་ཟད་སྔོ་སྟུག་གི་གསེབ་ཏུ་ལྷུང
ཕྱི་མའི་གྲངས་ལ་རོ་དྲུག་འཛོམས་ཚེ
རང་དབང་གི་ནམ་མཁའ་དེའི་ཤོང་ཚད
ཨང་གྲངས་ཀྱིས་བསྡོམས་རྩིས་ལྟར་ན
གཟུགས་འདུས་ཀྱི་རི་མོ་དེའི་གསེབ་ཏུ་མི་འདུག་གོ

བླ་ནས་བླ་རུ་བཀུར་བ
སྲོག་དང་འདུ་ཤེས་ཀྱིས་བསྐྱང་བྱ་ཉིད
               ༢༠༡༢.༡.༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༡ལོར་སྡིགས་པ། ༢༠༡༢ལོ་བསུ་བ།

2012-01-04 ཐོ་རངས། ཀློག་གྲངས། མཆན ཡོད།

འཁྱོགས་གཟུགས་སུ་གྲུབ་པའི་ཨང་གྲངས་འདིས
དུས་གསུམ་གྱི་རྣམ་གཞག་སྟོན་ཐུབ་བམ
ཡང་ན    གྲངས་འདི་དག་གིས
མི་རིགས་ཀྱི་ལོ་རྒྱུས་ལ་བསྡོམས་རྩིས་ཡག་ཤོས་ཤིག་རྒྱག་དགོས་ས་རེད

གོ་རིམ་འཁྱོལ་ནས་སྒྲིག་པའི་ཨང་གྲངས་འདི
རྒས་པའི་དུས་ཁོ་ན་ངེས་འཛིན་བྱེད་པ་ཡིན་དུས
གྲངས་ཀ་དག་ཆུང་བ་ནས་ཆེ་བའི་རིམ་པ་ལྟར་སྒྲིག་ན
ཨང་གྲངས་འདིས་མ་རྙེད་པའི་ཡོད་ཚད་གསར་བསྔོག་བྱེད་ཐུབ་བམ

འདས་པའི་ལས་ལ་གཟུགས་མེད་པ་བཞིན
ཨང་གྲངས་ཀྱི་རི་མོ་འདི་ཉིད་གཟུགས་མེད་དུ་གྲུབ་ཚེ་ཤིན་ཏུ་ལེགས
སྐྱིད་ཀྱི་འཛུམ་རིས་ངོགས་སུ་རྣམ་པར་བཀྲ་ཡང
སྡུག་གི་མིག་ཆུའི་ཀློང་དུ་དམྱལ་བར་འདྲུད

ནམ་མཁའ་ལ་མཐའ་མེད་པའམ
གྲངས་ལ་ཚད་མེད་པ་འདི
འབྱུང་འགྱུར་ལ་འགོག་ཐུབ་མེད་པའམ
བདེན་ལུགས་ཀྱིས་གནམ་འོག་ཞི་བདེ་འགོད་པའི་མན་ངག་ཉིད

སྔ་མའི་གྲངས་ལ་རོ་དྲུག་ལྡན་ཡོད
འཚོ་བ་ནི་སྐྱ་ཟད་སྔོ་སྟུག་གི་གསེབ་ཏུ་ལྷུང
ཕྱི་མའི་གྲངས་ལ་རོ་དྲུག་འཛོམས་ཚེ
རང་དབང་གི་ནམ་མཁའ་དེའི་ཤོང་ཚད
ཨང་གྲངས་ཀྱིས་བསྡོམས་རྩིས་ལྟར་ན
གཟུགས་འདུས་ཀྱི་རི་མོ་དེའི་གསེབ་ཏུ་མི་འདུག་གོ

བླ་ནས་བླ་རུ་བཀུར་བ
སྲོག་དང་འདུ་ཤེས་ཀྱིས་བསྐྱང་བྱ་ཉིད
               ༢༠༡༢.༡.༡ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།