གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཤི་རྗེས། སེམས་རུལ་རྗེས།

2012-04-10 10:03:00 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།


གལ་ཏེ་སང་ཉིན་ནི་སླར་ཡང་འགྲུལ་བ་ཞིག་ཡིན་ན།
གོ་མིན་ཏང་གི་ལོ་རྒྱུས་ཐོག་གནམ་ས་བཟུང་བའི་མཚོ་ཁའི་སྡེ་གྲོང་འདི།
ནམ་ཡང་ངའི་རྐང་འོག་ནས་བྱིངས་ན་ཅི་ཞིག་བྱ།
མཐའ་བསྐོར་གྱིས་ལྐོག་མདའ་གཞུ་ནས་འཕང་ལ་ཉེ་བས།  ཐའེ་ཝན་འདི།
སྐད་ཅིག་མར་རྒྱ་མཚོའི་སྟོངས་ལ་འཐིམ་ན་ཅི་ཞིག་བྱ།  

སྲིད་དོན།   དམག་དོན།   ཁེ་དོན།   རང་དོན།   གཞན་དོན།  
ང་ནི་སྔར་བཞིན་འགྲུལ་བ་ཡིན་པས།   འཚབ་འཚུབ་ཀྱི་འགྲུལ་བ་ཞིག་ཡིན་པས།
ཀའོ་གཞུང་སྡེ་གྲོང་ཡུན་གཡན་ཁྲོམ་སྲང་གི་བུ་མོ་སྙིང་རྗེ་མོ་དེ་ལ་རྩེད་དུ་འགྲོ
ཁོ་མོ་ནི་སྡེ་གྲོང་དེ་དང་ཁྲོམ་སྲང་དེའི་ཁུལ་ནས་བོད་རིགས་ལ་མགྲོན་བསུ་མཁས་པའི།
སྐེད་ཉག་གཟུགས་བཟང་མ་གཅིག་པུ་དེ་ཡིན་པས།
ང་ཕོ་དར་མ་ཞིག་ལ་ཐབས་ཤེས་ཅི་ཞིག་ཡོད།  འགོག་ནུས་ཅི་ཞིག་ཡོད།   

མཚོ་ཁའི་ཐའེ་ཝན་ཞུགས་ཨང་།   སྐེད་ཉག་གཟུགས་བཟང་མ་ཡང་ཞུགས་རོགས།  
ལོ་མའི་སྟེང་གི་ཆུ་ཐིགས་རླུང་དྲག་གིས་བརྡབས་ནས་རྒྱ་མཚོའི་བྱིངས་ལ་བསྲིངས་ཚེ།
མཚོ་འགྲམ་ནས་ཉི་ནུབ་ལ་ལྟ་རོལ་བྱ་ཐབས་སླར་ཡང་མ་བྱུང་ཚེ།
ངས་ཐག་བཅད་ཆོག    ངའི་གཟུགས་བཟང་མར་མཆོད་འབུལ་བྱས་ཆོག
ཨོཾ་མ་ཎི་པདྨེ་ཧཱུྃ།

          ༢༠༡༢ལོའི་ཟླ་པར་ཀྲུང་གོའི་ཐའེ་ཝན་ཞིང་ཆེན་ཀའོ་གཞུང་གྲོང་ཁྱེར་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།