གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་སྐད་སྒྱུར་བུ་མོ་ཞིག་དྲན་གི

2012-03-09 11:35:00 བཀྲ་ཤིས་ནོར་བུ། ཀློག་གྲངས། མཆན ཡོད།


ཕ་སྐད་མི་གོ་བའི་ས་མཐའ་ཞིག་ནས།
ཁྱེད་ཀྱི་སྐད་གདངས་དེ་ངའི་རྣ་བར་ཧ་ཅང་སྙན།
མྱི་ནག་བུ་མོ་ཚོར་བརྩེ་སེམས་དང་ཕུགས་རྒྱང་ཡོད་རུང་།
མགོ་སེར་བུ་མོ་ཚོར་ཆགས་སེམས་དང་སྒེག་ཉམས་ལྡན་རུང་།
ང་རང་ཕ་སྐད་བཤད་པའི་བུ་མོ་ཞིག་ལ་དུངས་ཀི
ཕྱི་རྒྱལ་བུ་མོ་ཚོར་འདྲེས་ཆོག་ཆོག་གི་གཤིས་ཀ་ཞིག་ཡོད་ཀྱང་།
ས་མཐའི་བུ་མོ་ཚོར་དྲོད་འཇམ་འཇམ་གྱི་སྙིང་གཏམ་ཞིག་ཡོད་ཀྱང་།
ངས་ཡིད་འོངས་གཤིས་འཇམ་གྱི་བོད་པའི་བུ་མོ་ཚོ་དྲན་གི
ངས་དྲན་པའི་སྐད་སྒྱུར་བུ་མོ་ཁྱོད་ད་བར་གང་ན་ཡོད།
ངས་ཁྱོད་ཀྱི་འདྲ་པར་ཙམ་ཡང་མ་མཐོང་ཡང་།
ངས་ཁྱོད་རང་ཧ་ཅང་དྲན་གི
ཁྱོད་ཀྱི་སྐད་གདངས་དེ་ངའི་རྣ་བར་བརྒྱུད་ནས་སེམས་ལ་ལྷུང་བ་ནས་བཟུང་།
ངའི་ཉེ་འཁོར་གྱི་ཕྱི་རྒྱལ་བུ་མོ་ཚོའི་འདོད་བརྩེ་ལ་བྲོ་བ་མི་འདུག
ངས་དྲན་པའི་སྐད་སྒྱུར་བུ་མོ།
ཁྱོད་ལ་བཟའ་ཟླ་དང་བུ་ཕྲུག་ཡོད་ཀྱང་སྲིད།
ངའི་རེ་བ་ནི་ངས་དངོས་སུ་ཁྱེད་ཀྱི་སྐད་གདངས་ལ་ཉན་འདོད་པ་དེ་ཡིན།
 ངས་དྲན་པའི་སྐད་སྒྱུར་བུ་མོ་ཁྱོད་གང་ན་ཡོད།
གཟའ་ཉི་མ་རྟག་པར་དྲ་ལམ་ནས་ངས་ཁྱོད་རང་གཅིག་བུ་བཙལ་གི་ཡིིན།
མྱི་ནག་བུ་མོ་ཚོར་བརྩེ་སེམས་དང་ཕུགས་རྒྱང་ཡོད་རུང་།
མགོ་སེར་བུ་མོ་ཚོར་ཆགས་སེམས་དང་སྒེག་ཉམས་ལྡན་རུང་།
ང་རང་གི་ཕ་སྐད་བཤད་པའི་བུ་མོ་ཞིག་ལ་དུངས་ཀི

     སྐད་བསྒྱུར་བུ་མོ་དེ་བཙན་པོ་གློག་བརྙན་འཕྲིན་སྨྱན་བྱད་ལྟེ་གནས་ཁང་གི་གྲགས་ཅན་སྐད་བསྒྱུར་བ་བསེ་སྐྱེས་བསོད་ནམས་ཚེ་རིང་གི་བཤད་རོགས་ཤིག་རེད་དེའི་ནང་བུ་མོ་མང་པོ་ཞིག་འདུག་གང་ཡིན་མི་ཤེས་། དེའི་ནང་གི་སྐད་བསྒྱུར་བ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། བཀྲ་ཤིས་ནོར་བུས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།