གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟུགས་སུ་མ་གྲུབ་པ་དག

2012-03-07 16:30:00 ཐོ་རངས། ཀློག་གྲངས། མཆན ཡོད།

           ___ཡང་ན་སེམས་གསོ་ཐེངས་ཤིག
ལག་པའི་ཤུགས་ཀྱིས་བཀོག་ཐབས་བྲལ་བའི
གཟུགས་སུ་མ་གྲུབ་པའི་བརྩེ་བ་དང
ཁྱོད་ཀྱི་སླད་དུ་ལྡང་མཚམས་མ་བཞག་པའི
རང་སེམས་རློན་པའི་ཤ་དྲོད་འདི
ཁྱོད་རང་ལ་སྟོན་པར་འོས་ཏེ
སྟོན་པར་འོས་པའི་སེམས་དང་སེམས་བྱུང་འདིས
ཁྱོད་རང་གཅེས་པར་འོས་ཏེ
ངས་ནི་ཡོད་ཚད་ཁྱོད་ཀྱི་བདེ་སྐྱིད་དང་བསྟུན་ཐུབ་བྱའོ

རླུང་གི་གཡུག་ཕྱོགས་དེ་གར
ཉི་མའི་འཆར་ཕྱོགས་དེ་གར
ཁྱོད་ཀྱིས་བདེན་ལུགས་ཀྱི་མགོ་བོ་ཨུ་ཚུགས་ཀྱིས་བསྲིངས་དེ
རྨག་མེད་ཀྱི་བརྗེད་ཐོ་ང་ལ་བཞག་ཀྱང
ཁྱོད་རང་གཅེས་པར་འོས་ཏེ
རིགས་རྒྱུད་ཀྱི་ཞིང་ས་བསྐྱེད་པའི་མ་མའམ
གནམ་འོག་གི་གསེར་ཞུན་འཁྱིལ་བའི་མིའི་རིགས་ཀྱི་སྒྲོན་མེ
ངས་ནི་ཡོད་ཚད་ཁྱོད་ཀྱི་རང་དབང་དང་བསྟུན་ཐུབ་བྱའོ

ཡང་ན   ཁོང་ཁྲོ་ཞུ་བར་གྱིས་ཤིག
ཡང་ན  བསམ་བློ་གཏོང་བར་གྱིས་ཤིག
ལག་པའི་ཤུགས་ཀྱིས་ཀོག་ཐབས་བྲལ་བའི
གཟུགས་སུ་མ་གྲུབ་པའི་བརྩེ་བ་དང
ང་ཡི་དོད་དུ་ལྡང་མཚམས་མ་བཞག་པའི
རང་སེམས་སྨྱོན་པའི་ཤ་དྲོད་འདི
བདག་གི་ཚོར་ཤེས་ཀྱིས་ཟིན་ཡོད་དེ
དགའ་བ་ནི་ལྷད་མེད་ཀྱི་མཁའ་དབུགས་དེ་ཡིན་ཟེར་ན
གཟུགས་སུ་མ་གྲུབ་པ་དག
མཁའ་དབུགས་དེའི་ཁྲོད་ཀྱི་སྟོན་ཐུབ་བྲལ་བ་དག་མ་ཡིན་ཨང


          2012.1.1ཟི་ལིང་དུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།