ལུག་ཁྱུའི་མཐའ་ན་འགྱིང་བའི་བདག་གི་ཁུ་བོ།

ལེགས་ལྡན་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-14


དུས་བཞིའི་ཚ་གྲང་ལ་བཅོལ་བའི་ཁྱོད་ཀྱི་གཟུགས་རིས་ནག་པོ་དེས།
ལོ་ཟླ་གྲངས་མེད་ཅིག་གི་གཏམ་རྒྱུད་ཁུར་ཡོད་ལ།   མི་རབས་མང་བོ་ཞིག་གི་ཤུལ་དངོས་འཚོས་ནས་ཡོད།
ཙན་ཏན་ཕྲེང་བར་བརྒྱུས་བའི་མ་ཎི་ཡིག་དྲུག་གི་བྱིན་རླབས་ཁྲོད་ན་ཁྱེད་ཀྱི་གཟི་མདངས་ལ་འགྱུར་བ་མེད་པར།
འུར་ཆ་ཁྲ་མོའི་རྔ་སྣེ་ནས་ཤོར་བའི་ཆག་སྒྲ་ལ་རྟག་ཏུ་ཉམས་པ་མེད་པར།
མཐའ་མེད་པའི་རྩྭ་ཐང་དེར་ལུག་ཁྱུའི་སེམས་དང་གཅིག་ཏུ་འདྲེས་ཡོད་ལ།
གཡང་དཀར་ཀྱི་བལ་ཚར་དྲོན་མོའི་ཐུ་འོག་ན་འཚོས་པའི་ཁུ་བོ་ལགས།
ཁྱོད་རང་དགུན་གྱི་ཁ་བའི་དཀྱིལ་ཏུ་གྲོང་ངེར་འགྱིང་ནས།
དབྱར་གྱི་ཆར་ཆུའི་ཁྲོད་ན་མེ་ལྕེ་ལྟར་གྱེན་ཏུ་འབར་ཀྱིན་པའི་ཚུལ་དེས།
ང་ཚོར་ཞུམ་མེད་ཀྱི་དཔའ་སྤོབས་ཤིག་དང་མི་དང་སྒོ་ཟོག་བར་ཀྱི་དུངས་བ་ལྷད་མེད་ཅིག་མཚོན་འདུག
རི་སྤྱང་གི་གདུག་རྩུབ་དང་ཧམ་སེམས་ཀྱིས་ངར་སྐད་ཇི་ལྟར་སྒྲགས་ཀྱང་།
ཁྱོས་སྔར་བཞིན་དཔའ་ཉམས་ཀྱིས་གདོང་བསུ་བྱས་ནས།
རྩྭ་་སྐམ་ཆུ་ཆད་གྱི་དཀའ་ངལ་ཇི་ལྟར་ཆེ་ཡང་།
ཁྱོད་ཀྱི་མདུན་བསྐྱོད་ཀྱི་གོམས་པ་དེ་བཞིན་སྤོས་ནས།
ཚེ་སྲོག་གི་མཆོད་པ་རྩྭ་ཐང་འདིར་ཕང་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུག་ཁྱུའི་མཐའ་ན་འགྱིང་བའི་བདག་གི་ཁུ་བོ།

2012-06-14 ལེགས་ལྡན་དབང་ཕྱུག ཀློག་གྲངས། མཆན ཡོད།


དུས་བཞིའི་ཚ་གྲང་ལ་བཅོལ་བའི་ཁྱོད་ཀྱི་གཟུགས་རིས་ནག་པོ་དེས།
ལོ་ཟླ་གྲངས་མེད་ཅིག་གི་གཏམ་རྒྱུད་ཁུར་ཡོད་ལ།   མི་རབས་མང་བོ་ཞིག་གི་ཤུལ་དངོས་འཚོས་ནས་ཡོད།
ཙན་ཏན་ཕྲེང་བར་བརྒྱུས་བའི་མ་ཎི་ཡིག་དྲུག་གི་བྱིན་རླབས་ཁྲོད་ན་ཁྱེད་ཀྱི་གཟི་མདངས་ལ་འགྱུར་བ་མེད་པར།
འུར་ཆ་ཁྲ་མོའི་རྔ་སྣེ་ནས་ཤོར་བའི་ཆག་སྒྲ་ལ་རྟག་ཏུ་ཉམས་པ་མེད་པར།
མཐའ་མེད་པའི་རྩྭ་ཐང་དེར་ལུག་ཁྱུའི་སེམས་དང་གཅིག་ཏུ་འདྲེས་ཡོད་ལ།
གཡང་དཀར་ཀྱི་བལ་ཚར་དྲོན་མོའི་ཐུ་འོག་ན་འཚོས་པའི་ཁུ་བོ་ལགས།
ཁྱོད་རང་དགུན་གྱི་ཁ་བའི་དཀྱིལ་ཏུ་གྲོང་ངེར་འགྱིང་ནས།
དབྱར་གྱི་ཆར་ཆུའི་ཁྲོད་ན་མེ་ལྕེ་ལྟར་གྱེན་ཏུ་འབར་ཀྱིན་པའི་ཚུལ་དེས།
ང་ཚོར་ཞུམ་མེད་ཀྱི་དཔའ་སྤོབས་ཤིག་དང་མི་དང་སྒོ་ཟོག་བར་ཀྱི་དུངས་བ་ལྷད་མེད་ཅིག་མཚོན་འདུག
རི་སྤྱང་གི་གདུག་རྩུབ་དང་ཧམ་སེམས་ཀྱིས་ངར་སྐད་ཇི་ལྟར་སྒྲགས་ཀྱང་།
ཁྱོས་སྔར་བཞིན་དཔའ་ཉམས་ཀྱིས་གདོང་བསུ་བྱས་ནས།
རྩྭ་་སྐམ་ཆུ་ཆད་གྱི་དཀའ་ངལ་ཇི་ལྟར་ཆེ་ཡང་།
ཁྱོད་ཀྱི་མདུན་བསྐྱོད་ཀྱི་གོམས་པ་དེ་བཞིན་སྤོས་ནས།
ཚེ་སྲོག་གི་མཆོད་པ་རྩྭ་ཐང་འདིར་ཕང་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།