བདེ་སྐྱིད་འཚོལ་བ།

གངས་ཞེན་རྡོ་བཀྲ།༼ནག་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-25


སྐྱེས་པ་ནས་ད་བར་
ངས་འབད་བརྩོན་བྱས་ལ་རེ་བས་སྒུག་
རྔུལ་ཆུ་དོན་ལ་ཁྲག་དྲོན་འཕྱུང་
ཡོད་ཚད་ཀྱི་ཡོད་ཚད་བདེ་སྐྱིད་འཚོལ་ཕྱིར་ལགས་
 འོན་ཀྱང་
 བརྩེ་བ་དབུལ་བའི་འཇིག་རྟེན་འདིར་
 ངས་བདེ་སྐྱིད་ཞིག་མ་རྙེད་ལ་
 གང་དུ་འཚོལ་དགོས་པའང་མི་རྟོགས་
 ཁ་ཕྱོགས་མེད་པའི་ང་
 མི་ཡུལ་གྱི་གྲུ་ཟུར་འདི་ན་
 མགོ་བོ་རྨོངས་ནས་བསྡད་དུས་
 གློ་བུར་གི་དྲན་སྣང་ཞིག་ལས་
 ང་རང་འཚོ་བ་ནི་བདེ་སྐྱིད་ཡིན་པ་ཤེས་ལ་
 ཐོབ་ཟིན་པ་ཡོད་ཚད་བདེ་སྐྱིད་ཡིན་པ་ཤེས་
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད་འཚོལ་བ།

2012-05-25 གངས་ཞེན་རྡོ་བཀྲ།༼ནག་ཆུ༽ ཀློག་གྲངས། མཆན ཡོད།


སྐྱེས་པ་ནས་ད་བར་
ངས་འབད་བརྩོན་བྱས་ལ་རེ་བས་སྒུག་
རྔུལ་ཆུ་དོན་ལ་ཁྲག་དྲོན་འཕྱུང་
ཡོད་ཚད་ཀྱི་ཡོད་ཚད་བདེ་སྐྱིད་འཚོལ་ཕྱིར་ལགས་
 འོན་ཀྱང་
 བརྩེ་བ་དབུལ་བའི་འཇིག་རྟེན་འདིར་
 ངས་བདེ་སྐྱིད་ཞིག་མ་རྙེད་ལ་
 གང་དུ་འཚོལ་དགོས་པའང་མི་རྟོགས་
 ཁ་ཕྱོགས་མེད་པའི་ང་
 མི་ཡུལ་གྱི་གྲུ་ཟུར་འདི་ན་
 མགོ་བོ་རྨོངས་ནས་བསྡད་དུས་
 གློ་བུར་གི་དྲན་སྣང་ཞིག་ལས་
 ང་རང་འཚོ་བ་ནི་བདེ་སྐྱིད་ཡིན་པ་ཤེས་ལ་
 ཐོབ་ཟིན་པ་ཡོད་ཚད་བདེ་སྐྱིད་ཡིན་པ་ཤེས་
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།