རི་བོའི་ཕ་རོལ་ལ་བསམ་གཞིགས་གཏོང་བ།


རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གང་ལྟར་རི་བོ་འདིའི་ཕ་རོལ་ན་གཙང་བོ་ཞིག་ཡོད་ན་འགྲིག་ཅིང་།
གཙང་པོའི་འགྲམ་ངོགས་གཉིས་སུ་མེ་ཏོག་དང་ངང་པའང་ཡོད་ན་འགྲིག
རི་བོ་འདིའི་ཕ་རོལ་ན།
དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར་རྣམ་དབྱེ་ཡོད་ན་འགྲིག་ཅིང་།
མེས་པོའི་སྐྲ་ལོ་ལྟར་གཟེངས་པའི་ནགས་ཚལ་ཀྱང་ཡོད་ན་འགྲིག་སྟེ།
ཁུ་བྱུག་གི་དབྱངས་སྙན་དང་འཇོལ་མོའི་གྲེ་འགྱུར་ཡོད་ན་དེ་བས་འགྲིག་ཨང་།
 
རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གལ་ཏེ།གྲོང་ཁྱེར་ཞིག་ཡོད་པའི་དབང་དུ་བཏང་ན།
གྲོང་ཁྱེར་དེ་དབེན་འཇགས་ཀྱི་དགོན་པ་ཞིག་ཡིན་ན་འགྲིག་ཅིང་།
གཙུགས་ལག་ཁང་ཆེན་དང་གསེར་གྱི་རྒྱ་ཕིབས་མཐོ་ན་འགྲིག
ཕྲེང་ལྟར་བསྒྲིགས་པའི་མཆོད་རྟེན་ལ་བང་རིམ་ཞིག་དང་།
དགེ་བཤེས་ཚོར་ཞི་དུལ་བག་ཡོད་ཀྱི་རྒྱན་དང་ལྡན་ན་འགྲིག་ཅིང་།
མཁས་བཙུན་བཟང་གསུམ་གྱི་དྲི་བསུང་འཐུལ་ན་དེ་བས་འགྲིག་ཨང་།
 
རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གལ་ཏེ།རུ་སྡེ་ཕྲ་མོ་ཞིག་ཡོད་པའི་དབང་དུ་བཏང་ན།
གནས་འགྲོ་མ་ཞིག་གིས་བག་ངུ་འཐེན་བཞིན།
རྟ་ཁ་ཅུང་ཙམ་བསྒགས་ནས་ཡོད་ན་འགྲིག་ཅིང་།
མ་སྲུ་ཚོས་ཀྱང་གོས་དཀར་གྱི་གོང་བའི་བར་ནས་སྙིང་གཏམ་བརྗོད་ན་འགྲིག
སྟག་ཤར་ཞིག་གི་མིག་ཆུའང་དྲོད་ལམ་ལམ་གྱིས།
རང་གི་ཆང་ཕོར་ཁ་རུ་ལྷུང་ཙམ་ལྷུང་ཙམ་བྱས་ན་དེ་བས་འགྲིག་ཨང་།
                                                                          ༢༠༡༢  ༥  ༡༡
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོའི་ཕ་རོལ་ལ་བསམ་གཞིགས་གཏོང་བ།

2012-05-23 ཁྱུང་ཐར་རྒྱལ། ཀློག་གྲངས། མཆན ཡོད།


རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གང་ལྟར་རི་བོ་འདིའི་ཕ་རོལ་ན་གཙང་བོ་ཞིག་ཡོད་ན་འགྲིག་ཅིང་།
གཙང་པོའི་འགྲམ་ངོགས་གཉིས་སུ་མེ་ཏོག་དང་ངང་པའང་ཡོད་ན་འགྲིག
རི་བོ་འདིའི་ཕ་རོལ་ན།
དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར་རྣམ་དབྱེ་ཡོད་ན་འགྲིག་ཅིང་།
མེས་པོའི་སྐྲ་ལོ་ལྟར་གཟེངས་པའི་ནགས་ཚལ་ཀྱང་ཡོད་ན་འགྲིག་སྟེ།
ཁུ་བྱུག་གི་དབྱངས་སྙན་དང་འཇོལ་མོའི་གྲེ་འགྱུར་ཡོད་ན་དེ་བས་འགྲིག་ཨང་།
 
རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གལ་ཏེ།གྲོང་ཁྱེར་ཞིག་ཡོད་པའི་དབང་དུ་བཏང་ན།
གྲོང་ཁྱེར་དེ་དབེན་འཇགས་ཀྱི་དགོན་པ་ཞིག་ཡིན་ན་འགྲིག་ཅིང་།
གཙུགས་ལག་ཁང་ཆེན་དང་གསེར་གྱི་རྒྱ་ཕིབས་མཐོ་ན་འགྲིག
ཕྲེང་ལྟར་བསྒྲིགས་པའི་མཆོད་རྟེན་ལ་བང་རིམ་ཞིག་དང་།
དགེ་བཤེས་ཚོར་ཞི་དུལ་བག་ཡོད་ཀྱི་རྒྱན་དང་ལྡན་ན་འགྲིག་ཅིང་།
མཁས་བཙུན་བཟང་གསུམ་གྱི་དྲི་བསུང་འཐུལ་ན་དེ་བས་འགྲིག་ཨང་།
 
རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ།
གྲོང་ཁྱེར་ཞིག་གམ་ཡང་ན།རུ་སྡེ་ཕྲ་མོ་ཞིག
གལ་ཏེ།རུ་སྡེ་ཕྲ་མོ་ཞིག་ཡོད་པའི་དབང་དུ་བཏང་ན།
གནས་འགྲོ་མ་ཞིག་གིས་བག་ངུ་འཐེན་བཞིན།
རྟ་ཁ་ཅུང་ཙམ་བསྒགས་ནས་ཡོད་ན་འགྲིག་ཅིང་།
མ་སྲུ་ཚོས་ཀྱང་གོས་དཀར་གྱི་གོང་བའི་བར་ནས་སྙིང་གཏམ་བརྗོད་ན་འགྲིག
སྟག་ཤར་ཞིག་གི་མིག་ཆུའང་དྲོད་ལམ་ལམ་གྱིས།
རང་གི་ཆང་ཕོར་ཁ་རུ་ལྷུང་ཙམ་ལྷུང་ཙམ་བྱས་ན་དེ་བས་འགྲིག་ཨང་།
                                                                          ༢༠༡༢  ༥  ༡༡
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།