དཔྱིད་ཀྱི་གོམ་སྒྲ།


དེང་སང་ངས
ལྷིང་འཇགས་ལ་རྣ་ཅོག་འཁེན་འདོད་མི་འདུག
རི་ཀླུང་ཡོད་ཚད་མགྲོན་དུ་བོས་ཟིན་པས
ལྗང་མྱུག་གི་རྩེ་མོས
དུས་ཚིགས་ཤིག་གི་སེམས་འགྱུར་ཁ་བརྡ་གློད་ལ་བྲེལ
མི་རིང་བའི་ས་ནས་སྤྲིན་པའི་འགུལ་སྟངས་མྱུར་སྐྱེན་པས
དགུན་ཉལ་གྱི་ཕྱི་བ་དེ་ཡང་གཉིད་ལས་བསླངས་བྱུང
 
ཐལ་རྡུལ་དག་ཉག་ག་དེ་ནས་ཉམས་ཀྱིན་འདུག
འདུག་བཟོད་མེད་པའི་བྱ་བྱེའུ་དག་ཀྱང
གཤོག་ཟུང་བསིལ་རླུང་ལ་སྐྱོན་ནས
རི་ཀླུང་སེམས་ཁུད་དུ་བསྡུ་བཞིན་པ་འདྲ
 
མེ་ཏོག་འགའ
སུ་ཞིག་གིས་རེག་པར་དོགས་ཏེ
གཉོམ་དུང་དུང་ངང་ཁུག་དཀྱོགས་ཤིག་ཏུ
རང་ལུས་གཅེར་བུར་ཕུད་དེ་ཉི་མ་ལྡེ་ཚུལ་ནི་ཡ་མཚན་ཞིག་ཅི་ལ་མིན
   
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱིད་ཀྱི་གོམ་སྒྲ།

2012-05-08 དམིགས་རྩེ། ཀློག་གྲངས། མཆན ཡོད།


དེང་སང་ངས
ལྷིང་འཇགས་ལ་རྣ་ཅོག་འཁེན་འདོད་མི་འདུག
རི་ཀླུང་ཡོད་ཚད་མགྲོན་དུ་བོས་ཟིན་པས
ལྗང་མྱུག་གི་རྩེ་མོས
དུས་ཚིགས་ཤིག་གི་སེམས་འགྱུར་ཁ་བརྡ་གློད་ལ་བྲེལ
མི་རིང་བའི་ས་ནས་སྤྲིན་པའི་འགུལ་སྟངས་མྱུར་སྐྱེན་པས
དགུན་ཉལ་གྱི་ཕྱི་བ་དེ་ཡང་གཉིད་ལས་བསླངས་བྱུང
 
ཐལ་རྡུལ་དག་ཉག་ག་དེ་ནས་ཉམས་ཀྱིན་འདུག
འདུག་བཟོད་མེད་པའི་བྱ་བྱེའུ་དག་ཀྱང
གཤོག་ཟུང་བསིལ་རླུང་ལ་སྐྱོན་ནས
རི་ཀླུང་སེམས་ཁུད་དུ་བསྡུ་བཞིན་པ་འདྲ
 
མེ་ཏོག་འགའ
སུ་ཞིག་གིས་རེག་པར་དོགས་ཏེ
གཉོམ་དུང་དུང་ངང་ཁུག་དཀྱོགས་ཤིག་ཏུ
རང་ལུས་གཅེར་བུར་ཕུད་དེ་ཉི་མ་ལྡེ་ཚུལ་ནི་ཡ་མཚན་ཞིག་ཅི་ལ་མིན
   
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།