ཁེར་རྐྱང་དུ་སྡོད་དུས།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-04


སྙན་ངག་དང་འདྲ་བར་མིང་ཚིག་དང་སྒྱུ་རྩལ་གྱིས་བཞེངས་པའི་ཞིང་ཁམས་ཤིག་དང
སྟོན་ཁ་ཞིག་དྲན་འོངས་ལ
ཐང་གཤོལ་གྱི་འཇུ་ཚུལ་དང     འུར་ཆ་ཡི་འཐེན་ཚུལ
ཕྲེང་བ་ཞིག་གི་བགྲང་ཚུལ་ཡང་དྲན་འོངས་ཤིང
ད་དུང་སྤྱན་ཟུང་ལྟར་སྤྱན་ཆུས་སྦངས་པའི་ཕ་སྐད་དང
རྒས་འཁོགས་ཀྱི་གཉེར་མ་ཤར་ཤུར་ཏུ་བབས་པའི་ཕ་ཡུལ་ཡང་ཁེར་རྐྱང་བཞིན་དྲན་འོངས
 
ཁེར་རྐྱང་དུ་སྡོད་དུས
ཁྱེད་ཉིད་དང་འདྲ་བར་ཁ་སང་ནས་དེ་རིང་ལ་ཆས་འོངས་ཏེ
དེ་རིང་ནས་སང་ཉིན་ལ་བགྲོད་དགོའ་པའི་བརྒྱུད་རིམ་ཞིག་དང
དཀའ་སྡུག་གི་ལོ་ཟླ་ཞིག་ཀྱང་དྲན་འོངས
ངུ་ངག་བྱས་ཚུལ་དང    མིག་ཆུ་བཞུར་ཚུལ
རང་སེམས་རང་གིས་གསོས་ཚུལ་ཡང་དྲན་འོངས་ཤིང
ད་དུང་ལམ་ཕྲན་ལྟར་རྒྱང་དུ་བསྲིངས་པའི་འདས་མ་ད་གསུམ་ཞིག་དང
སད་ཡོད་ཀྱང་ནར་སོན་མེད་པའི་རང་ཉིད་ཀྱང་ཁོ་མོ་བཞིན་དྲན་འོངས
 
ཁེར་རྐྱང་དུ་སྡོད་དུས
ཁྱེད་ཚོ་དང་མཉམ་དུ་སྐྱིད་སྡུག་གླེང་ཚུལ་གྱི་སྣང་བ་ཞིག་དང
སྤོབས་པ་ཞིག་དྲན་འོངས་ལ
སྙན་ངག་བྲིས་ཚུལ་དང     ཁོ་མོ་གླེང་ཚུལ
ཀི་རིང་བཏབ་ཚུལ་ཡང་དྲན་འོངས་ཤིང
ད་དུང་རྨི་ལམ་ལྟར་རེག་པ་བྲལ་བའི་ཁ་སང་དང
ན་ཟུག་གིས་འཁྲུངས་པའི་སྙན་ངག་དག་ཀྱང་རང་ཉིད་བཞིན་དྲན་འོངས
            ༢༠༡༢ ༤ ༢༥ དགོང་མོར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་དུ་སྡོད་དུས།

2012-05-04 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


སྙན་ངག་དང་འདྲ་བར་མིང་ཚིག་དང་སྒྱུ་རྩལ་གྱིས་བཞེངས་པའི་ཞིང་ཁམས་ཤིག་དང
སྟོན་ཁ་ཞིག་དྲན་འོངས་ལ
ཐང་གཤོལ་གྱི་འཇུ་ཚུལ་དང     འུར་ཆ་ཡི་འཐེན་ཚུལ
ཕྲེང་བ་ཞིག་གི་བགྲང་ཚུལ་ཡང་དྲན་འོངས་ཤིང
ད་དུང་སྤྱན་ཟུང་ལྟར་སྤྱན་ཆུས་སྦངས་པའི་ཕ་སྐད་དང
རྒས་འཁོགས་ཀྱི་གཉེར་མ་ཤར་ཤུར་ཏུ་བབས་པའི་ཕ་ཡུལ་ཡང་ཁེར་རྐྱང་བཞིན་དྲན་འོངས
 
ཁེར་རྐྱང་དུ་སྡོད་དུས
ཁྱེད་ཉིད་དང་འདྲ་བར་ཁ་སང་ནས་དེ་རིང་ལ་ཆས་འོངས་ཏེ
དེ་རིང་ནས་སང་ཉིན་ལ་བགྲོད་དགོའ་པའི་བརྒྱུད་རིམ་ཞིག་དང
དཀའ་སྡུག་གི་ལོ་ཟླ་ཞིག་ཀྱང་དྲན་འོངས
ངུ་ངག་བྱས་ཚུལ་དང    མིག་ཆུ་བཞུར་ཚུལ
རང་སེམས་རང་གིས་གསོས་ཚུལ་ཡང་དྲན་འོངས་ཤིང
ད་དུང་ལམ་ཕྲན་ལྟར་རྒྱང་དུ་བསྲིངས་པའི་འདས་མ་ད་གསུམ་ཞིག་དང
སད་ཡོད་ཀྱང་ནར་སོན་མེད་པའི་རང་ཉིད་ཀྱང་ཁོ་མོ་བཞིན་དྲན་འོངས
 
ཁེར་རྐྱང་དུ་སྡོད་དུས
ཁྱེད་ཚོ་དང་མཉམ་དུ་སྐྱིད་སྡུག་གླེང་ཚུལ་གྱི་སྣང་བ་ཞིག་དང
སྤོབས་པ་ཞིག་དྲན་འོངས་ལ
སྙན་ངག་བྲིས་ཚུལ་དང     ཁོ་མོ་གླེང་ཚུལ
ཀི་རིང་བཏབ་ཚུལ་ཡང་དྲན་འོངས་ཤིང
ད་དུང་རྨི་ལམ་ལྟར་རེག་པ་བྲལ་བའི་ཁ་སང་དང
ན་ཟུག་གིས་འཁྲུངས་པའི་སྙན་ངག་དག་ཀྱང་རང་ཉིད་བཞིན་དྲན་འོངས
            ༢༠༡༢ ༤ ༢༥ དགོང་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།