གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངོ་ཐུག་ན་ཆོས་དབྱིངས་སྐྱིད་ལ་འོ་ཞིག་བྱ་འདོད།

2012-08-19 21:55:00 འོད་འཛིན། ཀློག་གྲངས། མཆན ཡོད།


དེ་རིང   ཉོན་མོངས་ཀྱི་རུམ་ཁའི་འདོད་པ་རླངས་པ་ཅན་དེ་མ་ཡིན་ལ
གློ་རྒྱག་ཏུ   ངས་ཁྱོད་ཀྱི་མིང་བྱང་དེ་བསྡམས་ནས་གཉིད་ལ་ཤོར
 
བོད་མོ་ཆོས་དབྱིངས་སྐྱིད   ང་གཉིད་ལ་ཤོར་ཟིན་རྗེས
རྒྱལ་རྟགས་སྟོན་པའི་རས་ཡུག་མང་མང་གི་གསེབ་ནས
ངས   ཁྱོད་དང་མཉམ་དུ་ཟངས་མའི་དབུ་རྒྱན་ཞིག་གྱོན་པར་རྨིས
ངས   ཁྱོད་དང་མཉམ་དུ་འདོད་པ་མིན་ལ་བརྩེ་བ་ཡིན་པའི་གར་ཞིག་འཁྲབ་པར་རྨིས
མ་གཞི   རྨི་ལམ་ཁྲོད་ཁྱོད་ཀྱིས་དཔའ་རྟགས་ཀྱིས་ང་བཟི་ནས་ཡོད
 
ངོ་མ་བཤད་ན   ཁ་སང་གི་ཆོས་དབྱིངས་སྐྱིད་དེ་བསྒུག་དགོས་པ་ཞིག་འདུག
དེ་རིང་གི་ཆོས་དབྱིངས་སྐྱིད་དེ་དགའ་འོས་པ་ཞིག་འདུག
 
ང་ནི་སྐྱེས་ཕོ་རབ་ཅིག  དབྱངས་ཀྱི་ལྷ་མོ་ཆུ་འཛིན་མས་སྒུལ་མ་མྱོང
འདོད་པའི་ལྷ་མོ་ཝེ་ན་སིས་བྲིད་མ་མྱོང
འོན་ཏང   དེ་རིང་ངའི་མིག་ཀོང་ན་ཁྱོད་ཀྱི་མིག་ཆུ་བཞིན་འཁྱིལ་དགོས་སོང
དེ་རིང་ངའི་ངོ་གདོང་དུ་ཁྱོད་ཀྱི་འཛུམ་ཞལ་བཞིན་བསྡུས་དགོས་སོང
ངོ་མ་ལྷ་མོ་མི་མཁྱེན    མི་མོ་དེ་མཁྱེན་ནོ
 
གོ་ལ་འདིར   ཁྱོད་ཀྱི་རྐང་པ་འདྲ་མེད་པ་མ་ཡིན
ཅང་ཤེས་ཀྱི་རྨིག་རྩལ་འདྲ་བའི་སྟངས་ཀ་དེ་ཉུང་ཉུང་རེད
ཉིང་དགོས   ཁྱིམ་མཚེས་ཚང་གི་གཡོ་ཚང་ན་ཡེ་ནས་མེད
 
བོད་མོ་ཆོས་དབྱིངས་སྐྱིད    མི་མོ་ཆོས་དབྱིངས་སྐྱིད
མདང་དགོང   ཤ་མིག་ས་ཡ་བཅུ་གཉིས་ཀྱིས་གཏུ་མིག་དང་འཐབ་ནས
ཁྱོད་ཀྱི་བརླ་ཤ་དང་ཉྭ་ཤ   ད་དུང་ཕྱིར་རྟིང་སོགས་ལ་ཅེར་ནས་བསྡད
བདག་གིས་ཀྱང་སེམས་པ་བཙོན་ཁང་དུ་ཤེད་ཀྱིས་བཅུག་སྟེ
རྩིས་འཕྲུལ་ཆག་རོ་ཞིག་གི་མདུན་དུ་སྨོན་ལམ་གྱི་རྒྱལ་པོ་ཁ་གྲངས་མེད་པ་ཞིག་བཏོན
 
མདོར་ན   དེ་རིང་ནི་ཁྱོད་ཁོ་ནའི་དེ་རིང་རེད་ལ
དེ་རིང་ནི་ང་དང་ངའི་རེ་བའི་དེ་རིང་རེད
དེ་རིང་གི་ཉིན་མོ་འདི་ཁང་ཤུལ་གྱི་རྫ་རོ་མ་རེད
དེ་རིང་ནི་ཉིན་མོ་འདི་བཙའ་ཆགས་པའི་སླ་ང་མ་རེད
དེ་རིང་གི་ཉིན་མོ་འདི་དེབ་ཐེར་གྱི་གསེང་དུ་བཅུག་དགོས་ལ
དེ་རིང་གི་ཉིན་མོ་འདི་རྡོ་རིང་གི་སྣེ་ཏོ་རུ་བརྐོ་དགོས
 
ཆོས་དབྱིངས་སྐྱིད   ཁྱོད་ཀྱིས་ཉོན་དང
ངས་མི་ལོ་གང་མང་ལ་བཤད་མ་མྱོང་བའི་གསང་གཏམ་ཞིག་བཤད
གལ་ཏེ   ཁྱོད་རང་ནུབ་སྐྱོད་པ་ཨི་ཁུང་བཞིན་ངའི་སྔུན་དུ་རྫུ་འཕྲུལ་གྱིས་ཐོན་བཞག་ན
ངས་ངོ་མ་རྒྱབ་ཤ་དམར་པོ་དེ་བཀོག་ནས་ཁྱོད་ཀྱི་བརླ་ཤ་དང་ཉྭ་ཤ་དེ་དཀྲི་བར་འདོད
གསང་གཏམ་འདིའི་ཁོག་ཏུ་གསང་གཏམ་ཞིག་ཡོད་པས   སུ་ལའང་བཤད་མི་ཆོག
            2012 / 8 / 12

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།