གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ལགས། ང་ལ་འཛུམ་མདངས་མ་སྟོན།

2012-07-20 07:33:00 ཁྲག༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ཁྱེད་ཀྱི་འཛུམ་མདངས་ནི་འགད་རྫས་ཞིག་ལྟར
ངའི་བྲང་ཁོག་ལ་སྦས་རྗེས
ང་ནི་ནམ་ཡང་ཁྱེད་ཀྱི་རྐང་འོག་གི་གྲོག་མ་ཆུང་ཆུང་དེ་ཡིན
 
བུ་མོ་ལགས     ང་ལ་འཛུམ་མདངས་མ་སྟོན
ཁྱེད་ཀྱི་འཛུམ་མདངས་ནི་སྦྲིད་སྨན་ཞིག་ལྟར
ཁོ་བོའི་རྣམ་ཤེས་ཀྱང་ར་བཟི་བར་འགྱུར་ངེས
 
ཁྱེད་ཀྱི་འཛུམ་མདངས་ལ་གོ་ཆ་ཐོགས་མེད་ཀྱང
ངའི་སེམས་པ་དུམ་བུ་དུམ་བུར་བཏང་འགྲོ་བས
 
བུ་མོ་ལགས     ང་ལ་ཟུར་མིག་མ་འཕེན
ཁྱེད་ཀྱི་ཟུར་མིག་ནི་སྒྱུ་འཕྲུལ་གྱི་རོལ་རྩེད་ཅིག་ཡིན་ཡང་སྲིད་ལ
མཛེས་སྡུག་གི་འཇའ་ཚོན་ཅིག་ཡིན་ཡང་སྲིད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།