གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུང་སེམས་ཀྱིས་འཁྱུད་པའི་སྙན་ངག་ཚིག་རྐང་བཅུ་བཞི་མ།

2012-07-17 21:13:00 རྒྱལ་སྲས། ཀློག་གྲངས། མཆན ཡོད།


བསལ་བསལ་བའི་མཐའ་མར་ཁྱོད་རང་ལུས་ཤིང་།
སྒུག་སྒུག་པའི་མཐའ་མར་ཁྱོད་དང་འཕྲད།

ཆེས་རྒྱུན་ལྡན་ཀྱི་ལྟ་སྟངས་ཞིག་འཁེལ་བས།
རྒྱུན་ལྡན་མ་ཡིན་པའི་དུངས་ཞེན་མང་པོ་ཞོར་ལ་འཚངས་ཡོང་།
སེམས་པ་ཚིམས་པའི་མིག་ཟུང་ལ་སྡེབ་འགུལ་མེད་པར་ལུས་པ།
ཁྱོད་ཀྱིས་ཀྱང་ཚོར་མེད།

བསམས་གཞིགས་དང་རྨི་ལམ་གང་ཡིན་མ་ཤེས་པའི་བཟོ་ལྟ་མཛེས་པོ་ཞིག
གཉིད་མ་སད་ཀྱི་འཆར་སྣང་གི་སྡེབས་ངོས་ལ་ཡང་ཡང་འཆར་བས།
རང་ཉིད་གཅིག་པུ་ཡང་ཡང་ཁེར་དགོད་བྱེད་དགོས་བྱུང་།

ཡང་ན། འཇིག་རྟེན་འདིར་ཞེན་པ་ལོག་ཚུལ་གཞན་ཞིག་ནི།
ཡང་ཡང་ཁྱོད་ལ་དུངས་དགོས་པའི་གནས་ལུགས་དེ་ཡིན།
སྐྱིད་སྡུག་རེས་མོས་སུ་འཁོར་བའི་འཇིག་རྟེན་འདི་ནས།
བསལ་བསལ་བའི་མཐའ་མར་ཁྱོད་རང་ལུས་ཤིང་།
སྒུག་སྒུག་པའི་མཐའ་མར་ཁྱོད་དང་འཕྲད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།