གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་རྒས་ཀྱི་འདུག་མི་འདོད་རོགས།

2012-07-17 21:03:00 རྡེའུ་དཀར། ཀློག་གྲངས། མཆན ཡོད།


ལག་པ་ལས་ལག་པ་ཞུད་ཅིང་མིག་ཟུང་ལས་མུན་ནག་བྲུས་ན
སེམས་བྱུང་ནི་ལོ་ཡག་གི་སྐག་ཚོས་བྱུག་པའི་ན་ཆུང་དང་འདྲ་བའི
གྲོགས་པོ      སེམས་རྒྱ་ཇེ་ཆེར་ཐོངས་དང
ང་ཚོ་འདི་ལྟར་ག་ལ་རྒས་སྲིད་དོ    
 
ཉི་མ་འཁོར་ཕྱོགས་ཙམ་གྱིས   ཟླ་བ་འགྲོ་ཟོལ་ཞིག་གིས
འཇིག་རྟེན་ན་འོད་ཟེར་མེད་པའི་མཚན་མོ་ཡོད་པ་ལས
རྗེ་བཙུན་སྒྲོལ་མའི་ཁ་འདོན་དང་ལྷན་དུ
ང་ཚོ་ཤི་ཁོག་གི་ཉིན་མོ་དང་སྐར་མར་འགྱུར་ག་ལ་སྲིད
 
གླེན་འདང་ཙམ་གྱིས    སྐྱེ་རྒ་ན་འཆི་དྲན་དེ
མལ་ས་ནས་ཐོལ་གྱིས་འཕག་ཅིང་ཆད་མེད་དུ་མ་ནི་འདོན་སྲིད
དོན་དངོས་སུ   འདི་ནི་འཆི་བའི་ཕ་རོལ་གྱི་གསང་བ་ཞིག་སྟེ
སྟོན་པ་ཡང་མ་སོང་ཐབས་མེད་ཀྱི་ས་གནས་ཤིག་གི་མིང་ངོ
 
གནའ་མཁར་ཟི་ལིང་བརྒྱུད་དུས 
རྒྱུན་པར་སྙིང་གི་གྲོགས་པོ་དག་དྲན་གྱིན་འདུག
ཡིན་ན་ཡང   འདི་ནི་ང་ཤི་ནས
ངོ་མི་ཐུག་པར་སྐྲག་པ་ཡེ་ནས་མིན་ནོ
                         ༢༠༡༢  ༦  ༢༧
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།