ང་ཡི་གླུ། གླུ་ཡི་ང་།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-04


གླུ་རེ་གཉིས་བླངས་པ་ནས་བཟུང་།
འཚོ་བ་འདི་སྤྲོ་སྣང་འཇའ་ཡིས་ཁེངས་ལ།
གླུ་རེ་གཉིས་བྲིས་པ་ནས་བཟུང་།
འཚོ་བ་འདི་གསོན་ཤུགས་མེ་བཞིན་འབར།

ངོ་མ་སྲོང་པོར་བརྗོད་ན།
གླུ་རེ་གཉིས་བླངས་ཤེས་་པ་ནས་བཟུང་།
གླུ་ནི་ང་ནི་སེམས་གཏིང་གི་སྡུག་གུ་མ་དེ་ཡིན་ལ།
གླུ་རེ་གཉིས་འབྲི་ཤེས་པ་ནས་བཟུང་།
ང་ནི་གླུ་ཡི་ལྷད་མེད་པའི་དད་ཞེན་པ་དེ་ཡིན།

འཁོར་ལམ་ཀྱག་ཀྱོག་རེ་རེ་བརྒྱུད་ནས་འོང་དུས།
ངས་བླངས་མྱོང་བའི་གླུ་ལ་གྲངས་ཀ་མེད་ལ།
ངས་འབྲི་འདོད་པའི་གླུ་ལའང་རྫོགས་མཐའ་མ་མཆིས་ཏེ།
ང་ཡིས་གླུ་ལ་ཇི་ཙམ་དགའ་བ་བསྐྱེད་དུས།
གླུ་ཡིས་ང་ལ་དེ་ཙམ་ཞེན་པ་མཆིས་པས།
ང་ཡི་གླུ་ལ་ངེས་པ་བདུན་གྱི་ཆ་ལུགས་མེད་ཀྱང་།
གླུ་ཡི་ང་ལ་སྲིད་པ་བརྒྱད་ཀྱི་ཞེན་ཆགས་རྫོགས་ཡོད།  
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་གླུ། གླུ་ཡི་ང་།

2012-07-04 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


གླུ་རེ་གཉིས་བླངས་པ་ནས་བཟུང་།
འཚོ་བ་འདི་སྤྲོ་སྣང་འཇའ་ཡིས་ཁེངས་ལ།
གླུ་རེ་གཉིས་བྲིས་པ་ནས་བཟུང་།
འཚོ་བ་འདི་གསོན་ཤུགས་མེ་བཞིན་འབར།

ངོ་མ་སྲོང་པོར་བརྗོད་ན།
གླུ་རེ་གཉིས་བླངས་ཤེས་་པ་ནས་བཟུང་།
གླུ་ནི་ང་ནི་སེམས་གཏིང་གི་སྡུག་གུ་མ་དེ་ཡིན་ལ།
གླུ་རེ་གཉིས་འབྲི་ཤེས་པ་ནས་བཟུང་།
ང་ནི་གླུ་ཡི་ལྷད་མེད་པའི་དད་ཞེན་པ་དེ་ཡིན།

འཁོར་ལམ་ཀྱག་ཀྱོག་རེ་རེ་བརྒྱུད་ནས་འོང་དུས།
ངས་བླངས་མྱོང་བའི་གླུ་ལ་གྲངས་ཀ་མེད་ལ།
ངས་འབྲི་འདོད་པའི་གླུ་ལའང་རྫོགས་མཐའ་མ་མཆིས་ཏེ།
ང་ཡིས་གླུ་ལ་ཇི་ཙམ་དགའ་བ་བསྐྱེད་དུས།
གླུ་ཡིས་ང་ལ་དེ་ཙམ་ཞེན་པ་མཆིས་པས།
ང་ཡི་གླུ་ལ་ངེས་པ་བདུན་གྱི་ཆ་ལུགས་མེད་ཀྱང་།
གླུ་ཡི་ང་ལ་སྲིད་པ་བརྒྱད་ཀྱི་ཞེན་ཆགས་རྫོགས་ཡོད།  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།