གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཕྱི་མིག་ཀློང་གི་དངོས་སྦྱོང་གི་འཚོ་བ།

2012-07-03 15:18:00 བསེ་མགོན་པོ་རྒྱལ། ཀློག་གྲངས། མཆན ཡོད།

  1.ངའི་དངོས་སྦྱོང་གི་སློབ་གྲོགས་ཚོ།
ཁ་ཆར་བུ་ཡུག་ལ་གདོང་གཏུགས་པའི
ངའི་འཐབ་གྲོགས་འཐབ་མོ་བ་རྣམས་པ
རི་བོ་གདང་ལའི་རི་ཞོལ་ན
རེ་བ་སྟོང་ཕྲག་གི་ཕུགས་སེམས་དམར་པོ
རིགས་ཞེན་གྱི་མེ་ལྕེ་དང་བསྡོངས་ནས
མུན་ནག་གི་མཐའ་འཁོབ་འདི་ན
ཨུ་ཚུགས་ཀྱི་གཡང་ལ་ཡང་ཡང་མཆོངས་ཤིང
ལས་དབང་གཅིག་པའི་རང་རིགས་ཀྱི་བདེ་སྡུག་བསམ་ན
ཨ་རག་དམ་བུ་འགའ་ཡིས་སེམས་གསོ་བྱེད་ག་ལ་ཐུབ
མཛེས་མ་རུམ་གང་གིས་ཀྱང་ཞབས་ཞུ་བྱེད་དཀའ

  2.ཁྲ་འདམ་ཞང་བཅའ་སྡོད་སློབ་ཆུང་།
སོ་ཕག་གཤིབ་པའི་ཁྱིམ་ཞག་བཅུ་ཕྲག་གི་གསེབ་ན
སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷབ་བསྐྱོད་ཅིང
ངོས་ཡངས་པའི་གྱང་ར་དཀར་པོ
མིག་འཚེར་བའི་བརྡ་ཁྱབ་དམར་པོའི་བགང་ཡོད
སློབ་ཕྲུག་ཚོ
ཁྱི་སྡོམ་དང་མཉམ་དུ་ཞོགས་པའི སློབ་ཕྲུག་ཚོས
འགྲོས་མཉམ་པའི་དབྱངས་རྟ་ཞིག་ཡང་ཡང་ཟློ་ཞིང
སྙིང་དུ་སྡུག་པའི་ངོ་གདོང་རེ་རེར
ལྷད་མེད་བབ་ཆགས་ཀྱི་རང་གཤིས་ཤིག་འཁོར་འདུག
ད་དུང་ངའི་ཕྱི་མིག་གི་ཁ་གཏད་དང
དྲན་ཤེས་ཀྱི་སྟེང་རིམ་དུ་ཟུག་པ་ནི
རྫ་སྟོད་དང་ཁྲ་འདམ་གྱི་ལམ་བར་ན
འགྲོ་འོང་གིས་རྒས་པའི་དགེ་བཟོ་བ་དེ་དག་དང
གནས་ལུགས་མི་བརྩི་བའི་ཁྱིམ་བདག་དེ་དག་རེད

  3.ངའི་ལོ་རིམ་གསུམ་པ།
ཆེས་ཐོག་མར      
ང་ལ་དགེ་རྒན་ཞེས་པའི་རླབས་ཆེན་གྱི་མིང་བྱང་སྩོལ་མཁན
ཆེས་ཐོག་མར
གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་སའི་
ཚན་རིག་གི་ཚོད་ལྟ་ཁང་ཆེན་པོ
འདི་ནས་ངས་དགེ་སློབ་ཞེས་པའི་དོན་ཞིག་གི་ཧ་གོ་ཞིང
མི་རིགས་ཀྱི་སློབ་གསོ་ཞེས་པ་ཞིག་གི་བླ་རྙེད
ངའི་མི་ལོ་བཅུ་ཕྲག་གི་རྔུལ་ཁྲག་ལ་བརྗེས་ཤིང
གསེར་ཐང་གི་ལང་ཚོས་བླུས་པའི
བསམ་བློ་མཚོན་བྱེད་ཀྱི་བརྡ་རྟགས་མ་ལག
མི་ཞིག་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི
གཟུགས་འདས་ཀྱི་རྡུལ་ཕྲན་མཚོན་ཆ
ཁྱོད་ནི་མི་རིགས་ཤིག་གི་ཆགས་འཇིག་དང
རྒྱལ་ཁབ་ཅིག་གི་དར་རྒུད་གཉེར་བའི
འགྲོ་བ་མིའི་རིགས་ཀྱི་གཅེས་ནོར་རེད
དུས་དེ་རིང་ངས་ཁྱོད་ཀྱི་ངོ་མཚར་གྱི་གཏམ་རྒྱུད་གླེང་བཞིན
གཟི་བྱིན་གྱི་ལས་འགན་ཕྱོགས་ཡོངས་ནས་ལངས་བཞིན་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།