ཉི་འོད་འཚོལ་བ།

བཙུན་པོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-29


ལོ་ཟླའི་ཧྲག་ནས་འགྲིལ་བའི་རྦབ་རྡོ
ཉི་འོད་གཅོག་བྱེད་ཀྱི་ལྕགས་ནག་གི་ཐོ་བ་ཡིན
རྦབ་རྡོའི་གསེབ་ན་སྐྱེས་པའི་ལག་ཟུང
ཁྲག་དམར་འཛར་བཞིན་ཉི་འོད་ཀྱི་མིག་ཀོང་ན་འཚོ

ཉི་འོད
ཕྱི་ན་ལྟེམ་པའི་ཟུངས་ཁྲག་གི་མཚོ་མོ
ཁྱོད་ཀྱི་ཆང་ཕོར་ལས་འཐོར་བའི་མེ་ཏོག་ཡིན་སྲིད
ངའི་མགྲིན་པ་ན་འགག་པའི་གླུ་སྐད་ཆག་རོ
ཅིས་ཀྱང་ཉི་འོད་ཀྱི་དུར་སྒམ་ཡིན་ངེས
 
ཉི་འོད་ནང་གི་ཉི་འོད་འཚོལ་མཁན་
གྲིབ་གཟུགས་ཆེན་པོའི་ཁྲོད་ན་འགྱིང་བའི་ལོང་བ་དེ་ཡིན
དེ་བས
མིག་ཟུང་སྙིང་ཐོག་ཏུ་སྐྱེས་ཤིང
སྙིང་ཆུང་ལག་ཏུ་ཐོགས་པའི་མི་དེ
མུན་ནག་ནང་གི་ཉི་འོད་འཚོལ་མཁན་ཡིན་པ
སུས་ཀྱང་རྟོགས་དཀའ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད་འཚོལ་བ།

2012-09-29 བཙུན་པོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ལོ་ཟླའི་ཧྲག་ནས་འགྲིལ་བའི་རྦབ་རྡོ
ཉི་འོད་གཅོག་བྱེད་ཀྱི་ལྕགས་ནག་གི་ཐོ་བ་ཡིན
རྦབ་རྡོའི་གསེབ་ན་སྐྱེས་པའི་ལག་ཟུང
ཁྲག་དམར་འཛར་བཞིན་ཉི་འོད་ཀྱི་མིག་ཀོང་ན་འཚོ

ཉི་འོད
ཕྱི་ན་ལྟེམ་པའི་ཟུངས་ཁྲག་གི་མཚོ་མོ
ཁྱོད་ཀྱི་ཆང་ཕོར་ལས་འཐོར་བའི་མེ་ཏོག་ཡིན་སྲིད
ངའི་མགྲིན་པ་ན་འགག་པའི་གླུ་སྐད་ཆག་རོ
ཅིས་ཀྱང་ཉི་འོད་ཀྱི་དུར་སྒམ་ཡིན་ངེས
 
ཉི་འོད་ནང་གི་ཉི་འོད་འཚོལ་མཁན་
གྲིབ་གཟུགས་ཆེན་པོའི་ཁྲོད་ན་འགྱིང་བའི་ལོང་བ་དེ་ཡིན
དེ་བས
མིག་ཟུང་སྙིང་ཐོག་ཏུ་སྐྱེས་ཤིང
སྙིང་ཆུང་ལག་ཏུ་ཐོགས་པའི་མི་དེ
མུན་ནག་ནང་གི་ཉི་འོད་འཚོལ་མཁན་ཡིན་པ
སུས་ཀྱང་རྟོགས་དཀའ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།