སྟོན་ཁ་དང་ལོ་ལོན་ཚོ།

ཉིན་གུང་གི་ནམ་གཤིས་ཧ་ཅང་དྭངས།
རྒན་རྒོན་ཚོ་མེ་ལྕེ་ལ་དུངས་པའི་སྲིན་བུ་ལྟར།
སྒོ་རྭའི་སྡོང་རྒན་དེའི་བསིལ་གྲིབ་འོག་ཏུ་ཉི་མར་ལྡེ།
 
གློ་བུར་ལྡིང་བའི་རླུང་བུ་འཇམ་པོ་རེས།
སྟོན་གཞུང་གི་ལོ་མའི་མགྲོན་པོ་དག
སྒོ་རྭ་གྲུ་བཞིའི་གང་སར་འཁུར་ཞིང་།
སྐབས་རེར་ལྡམ་ལྡེམ་གྱི་སྡོང་ལོ་ཁ་ཤས།
ཁོ་ཚོའི་ཇ་ཕོར་དུ་ལྷོད་ཀྱིས་འབབ།
 
ཁོ་ཚོར་ཁ་རྩོད་མེད་ལ་འཁྲུག་པ་ནི་དེ་བས་ཀྱང་།
འདི་ལྟ་བུའི་བག་ཡངས་ཀྱི་བཟོ་བཀོད་ཁོ་ན།
ལོ་ལོན་ཚོར་རྨི་ལམ་ཀྱི་དག་ཞིང་བཞིན་ཧ་ཅང་ཞིམ།
 
ཤིན་ཏུ་མཛེས་ཤིང་སྡུག་པའི་སྣང་བརྙན་དེའི་ཁ་གཏད་དུ།
ང་གཅིག་པུ་སོར་རྩེར་ཐོགས་པའི་བསམ་གཞིགས་ཀྱི་སྨྱུ་གུས།
ཉིན་གུང་འདིའི་དགའ་སྐྱོ་མཐའ་དག་འབྲི་མཁན་དེ་ཡིན་པར་མོས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཁ་དང་ལོ་ལོན་ཚོ།

2012-12-05 སྨག་འཇོམས། ཀློག་གྲངས། མཆན ཡོད།

ཉིན་གུང་གི་ནམ་གཤིས་ཧ་ཅང་དྭངས།
རྒན་རྒོན་ཚོ་མེ་ལྕེ་ལ་དུངས་པའི་སྲིན་བུ་ལྟར།
སྒོ་རྭའི་སྡོང་རྒན་དེའི་བསིལ་གྲིབ་འོག་ཏུ་ཉི་མར་ལྡེ།
 
གློ་བུར་ལྡིང་བའི་རླུང་བུ་འཇམ་པོ་རེས།
སྟོན་གཞུང་གི་ལོ་མའི་མགྲོན་པོ་དག
སྒོ་རྭ་གྲུ་བཞིའི་གང་སར་འཁུར་ཞིང་།
སྐབས་རེར་ལྡམ་ལྡེམ་གྱི་སྡོང་ལོ་ཁ་ཤས།
ཁོ་ཚོའི་ཇ་ཕོར་དུ་ལྷོད་ཀྱིས་འབབ།
 
ཁོ་ཚོར་ཁ་རྩོད་མེད་ལ་འཁྲུག་པ་ནི་དེ་བས་ཀྱང་།
འདི་ལྟ་བུའི་བག་ཡངས་ཀྱི་བཟོ་བཀོད་ཁོ་ན།
ལོ་ལོན་ཚོར་རྨི་ལམ་ཀྱི་དག་ཞིང་བཞིན་ཧ་ཅང་ཞིམ།
 
ཤིན་ཏུ་མཛེས་ཤིང་སྡུག་པའི་སྣང་བརྙན་དེའི་ཁ་གཏད་དུ།
ང་གཅིག་པུ་སོར་རྩེར་ཐོགས་པའི་བསམ་གཞིགས་ཀྱི་སྨྱུ་གུས།
ཉིན་གུང་འདིའི་དགའ་སྐྱོ་མཐའ་དག་འབྲི་མཁན་དེ་ཡིན་པར་མོས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།