གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རི་མཚོ།

2012-10-30 14:24:00 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


གངས་ནི་བོད་ཀྱི་བླ་རི་ཡིན་ཟེར་སྐད
རི་ནི་འགྱུར་མེད་རྡོ་རྗེ་ཡིན་ཟེར་སྐད
མཚོ་ནི་ཤེས་རབ་མེ་ལོང་ཡིན་ཟེར་སྐད
ཁྱོད་ཀྱི་མིང་ལ་གངས་རི་མཚོ་ཟེར་སྐད

གངས་རི་འོད་ཀྱིས་གཡོགས་པས
འོད་ཟེར་བོད་ལ་ཕོག་སོང
གངས་རི་མཚོ   ཁྱོད་ཀྱི་གངས་རི་མཚོ
གངས་རི་མཚོ   བོད་ཀྱི་གངས་རི་མཚོ
མ་ཎི་ཡིག་དྲུག་གི་འོད་ལས་བབས་པའི
ཀ་ཁ་ག་ངའི་གངས་རི་མཚོ

གངས་རི་མཚོ   གངས་རི་མཚོ
ཨ་ཕའི་གངས་རི་མཚོ   ཨ་མའི་གངས་རི་མཚོ
སྤོ་བོ་དང་རྨོའི་གངས་རི་མཚོ
སྲིད་པའི་མུ་ཏིག་དཀར་པོ
འོད་ཀྱི་རྨི་ལམ་དཀར་པོ
ང་དང་བར་ཐག་མེད་པའི་གངས་རི་མཚོ
ཚེ་རིང་ནད་མེད་ཞུ    སྐུ་གཟུགས་བདེ་ཐང་ཞུ

     ༢༠༡༢/༡༠/༡༩ཉིན་དབུས་སུ་གྲུབ།

   ཟུར་ཞུ། ཁམས་ཀྱི་གྲོགས་པོ་ཞིག་གི་བུ་མོར་མིང་ཞིག་དགོས་གསུངས་པས་གངས་རི་མཚོ་ཟེར་བའི་མིང་ལ་འདི་ལ་སྙན་ངག་འདི་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།