གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གས་ཆག་ཤོར་བའི་སེམས་པ།

2013-07-17 12:38:00 ཁྲག་རྗེས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

སེམས་པ་འདི
ཁ་བ་དང་བུ་ཡུག་རྒོད་ས་ཞིག་ནས་གས་ཆག་ཤོར་ཟིན
མུན་པ་དང་གྲང་ངར་ཟབ་ས་ཞིག་ནས་གས་ཆག་ཤོར་སོང

སེམས་པ་འདི
སྤྱང་ལྟོགས་ཞིག་གི་སོ་བར་ནས་གས་ཆག་ཤོར་ཟིན
ལྷ་ངོ་དང་མི་ངོ་མཐུག་ས་ཞིག་ནས་གས་ཆག་ཤོར་སོང
 
གས་ཆག་ཤོར་བའི་སེམས་པ་འདིའི་གསེང་ནས
གཙང་བོའི་ཕྱི་ནང་ན་བསྐྱོད་པའི་ལུག་རྫི་ཞིག་གི་ཀི་སྒྲ་འགག་སོང
ཡར་ཀླུང་སྤང་ཐང་ལ་བཞད་མྱོང་བའི་མེ་ཏོག་ཅིག་རྙིད་སོང
 
གས་ཆག་ཤོར་བའི་སེམས་པ་འདིའི་བར་གསེང་ན
མཐོ་དམའ་མི་སྙོམས་པའི་གཉའ་གནོན་དང
བཙན་འཛུལ་ཞིག་མཆེད་ཀྱིན་འདུག
དེ་ནི  སྨྲ་བརྗོད་ལ་རང་དབང་བྲལ་བའི
རྫི་བོ་ཞིག་གི་གླུ་སྐད་ཡིན་སྲིད
 
གས་ཆག་ཤོར་བའི་སེམས་པ་འདིའི་བར་གསེང་ན
འཇིག་རྟེན་ཆ་མི་སྙོམས་པའི
ན་ཟུག་གི་རྨ་ཁ་ཞིག་མཆེད་ཀྱིན་འདུག
དེ་ནི  བརྩེ་དུང་ལ་རང་དབང་བྲལ་བའི
བུད་མེད་ཞིག་གི་སྐྱོ་གར་ཡིན་སྲིད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།