གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ནུབ་དང་ཉི་འཆར་གྱི་ཟླ་བ།

2013-12-04 17:52:00 གཤེད་མདའ། ཀློག་གྲངས། མཆན ཡོད།
ཉི་ནུབ་ཀྱི་རི་གྲོང
ཐག་རིང་གི་གཞུང་ལམ་ན་ས་རྡུལ་བཞིན
འགུལ་མེད་གྱི་རྡོོ་ལ་འཁྲེང
སྨུག་པ་ལང་ལོང་གི་དྲན་ཤིང་དུ་མ་འགྱུར་བའི་རྣམ་ཤེས་དག
ཉི་མའི་དགུ་ཚིགས་འབྲི་བྱེད་ཀྱི་འོད་ཟི་ཕྲ་མོ

དྲན་གྱིན་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་བདག
མག་མོག་རབ་རིབ་ཀྱི་ཉི་འཆར་ལ་སྒུག་ཡོད

ཤེལ་སྒོ་ཆག་འཕྲོ་ལས་མངོན་པའི་མེ་ཏོག
ན་ཆུང་དུས་ཀྱི་ཁོ་མོར་འཁྲུལ

ཉི་ནུབ་ཀྱི་ཟླ་བ་རྨི་ལམ་དུ་མ་འཛུལ་སྔོན
རང་ཉིད་ཤེལ་སྒོ་བལྟ་བར་ལོབས་མེད

མེ་ཏོག་གི་ལག་པར་ཁྱི་སྨྱོན་གྱི་ཁ་ཆུ་འཛག་པ་ནས
ཤེལ་སྒོ་ནི་ནམ་ཞར་ཁོ་བོ་དང་གྱེས་མ་མྱོང
འོན་ཀྱང
ཤེལ་སྒོའི་ཡོལ་ངོས་ས་དཔྱངས་བའི་སྒྱུ་འཕྲུལ་བ་དག
མི་ཡུལ་གྱི་སྒལ་གཞུང་ན་རུལ་འདུག
       2013/9/19ཉིན་སྤྱར་བ་དགེའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།