གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཁང་ནང་ལ་ཤོར་བ།

2013-11-20 14:59:00 གཞིས་སྨྱོན། ཀློག་གྲངས། མཆན ཡོད།

          ——B.M.D.Q  ལ་བྲིས།    
                              
དགོན་པའི་ཉེ་འགྲམ་ན་གུར་ཞིག་ཕུབ་ཡོད།
གུར་གྱི་ཕྱི་ནང་དཔེ་ཆས་བསྐངས་ཡོད།
དཀའ་སྤྱད་སྡུག་གིས་ཉོས་པའི་རུས་རྐང་དེ།
དཀོན་མཆོག་གིས་གཟིགས་ཨེ་ཡོད།
ཁྱེད་ཀྱིས་མཐོང་ཨེ་བྱུང་།

ངེད་གཉིས་ཀྱི་ལས་སྐལ་ལ་སྐྱབས་འཇུག་ཞུ་ཆེད།
ཉིན་རེའི་རྒྱགས་ཆས་དཀོན་མཆོག་ལ་ཕུལ་ཡོད།
དཀོན་མཆོག་གིས་བགད་ཙམ་བྱས་རུང་།
ལྷ་ཁང་དུ་རྟུག་དྲི་ཤོར་བར།
དཀོན་མཆོག་གི་གུ་ཡངས་མ་ཐོབ།
ཁྱེད་ཀྱིས་ཀྱང་གུ་ཡངས་བཏང་མ་མྱོང་།

མི་ཁ་འགོག་ཆེད་དུ་ཁྱེད་ཀྱིས་མཐུ་ཞིག་བླུད་བྱུང་།
ནར་མ་སོན་པའི་དགའ་ཉེ་ཚོར་ངོ་ཚ་མིན་འདུག།
དཀོན་མཆོག་ལ་ངོ་ཚ་མེད་པ་བཞིན།

གྲོང་ལ་འཁྱམས་ཡོད།
ལྷ་སྐུའི་རྒྱབ་མདུན་ལྷ་སྐུའི་རེད།
ངའི་འགྲོ་ལམ་  ངའི་རྐང་འོག་ན་ཡོད།  
                       2013.9.18
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།