གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཐབ།

2013-11-01 07:17:00 མི་རྐང་གླིང་བུ། ཀློག་གྲངས། མཆན ཡོད།
རྫ་མའི་ནང་དུ་ཆུ་ཁོལ་གདུ་བཞིན་འདུག
དེའི་ནང་དུ་ནམ་མཁའ་དང་སྤྲིན་དཀར་ཡང་གདུ་བཞིན་འདུག
 
རྒྱང་རིང་ནས་རུབ་ཡོང་བའི་འབུ་མེ་ལྕེབས་དག་གི་རྐང་རྗེས་ལས
སྐྱེས་ཆེན་ཞིག་གི་རྨི་ལམ་མངོན་འོང
མུན་མདོག་ལྡན་པའི་སྦྲ་རྒན་འདིའི་སྐར་ཁུང་ཡང་མངོན་འོང
 
མཚན་མོ་འདིར
མེ་ཐབ་ནང་དུ་ཨོང་བ་འགའ་ཞིག་གིས་རྡོག་བྲོ་འཁྲབ་པས
མཚན་མོ་འདིའི་ལྷིང་འཇགས་སྡོང་ལོ་བཞིན་ལྕུག་ལྕུག་འདར
ཤེལ་སྒོའི་ངོས་ཀྱི་ཟིལ་བ་ཡང་ལྕུག་ལྕུག་འདར
 
མེ་ཐབ་ཏུ་མཚན་མོའི་རྨི་ལམ་དང་ཉིན་མོའི་རྨི་ལམ་ཡོད
རྨི་ལམ་མང་བོ་གཅིག་གཅིག་ལ་འཐབ་པས
མེ་སྟག་ཆུང་ཆུང་དག་ཆེ་རུ་གྱུར་ནས་མེ་ལྕེ་ཞིག་ཏུ་གྱུར
 
                                                      2013 8 31
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།