གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲོ་དགའི་ཀློང་གི་དུས་རབས་འདི།

2013-10-25 15:42:00 ྲརྟ་མགྲིན་དབང་རྒྱལ།༼ཀླུ་ཆུ༽ ཀློག་གྲངས། མཆན ཡོད།

 

སྐྱ་རེངས་ཀྱི་སྒོ་མདུན་ནས་བཟུང་སྟེ་གསོལ་སྟོན་ཡོད་ལ
ཆང་དྲིའི་ངད་ཁ་ལྡང་བའི་འགྱུར་ཁུག་གི་དབྱངས་རྟར
ན་གཞོན་ཕོ་མོའི་གར་སྟབས་ཀྱི་དབྱངས་རྟགས་བཀོད་སོང
ལྕགས་ཀྱུ་དང་ཕྲ་ཕུང་འཁྲུལ་བ་ནི་ཆང་ཁོ་ན་ལན་པའོ

སྒོ་མདུན་ནས་སུམ་མདོ་བར
དུང་བ་ཨ་ལོང་དུ་སྦྲེལ་ཞིང་སྐྱི་པགས་བདེ་སྣང་ལ་འཐིམས
མིང་བྱང་མང་པོར་ཐང་ཆེན་གྱི་བཀྲག་མདངས་འཚེར
མི་གཤིས་ཀྱི་དགེ་མཚན་ཡིད་ཤེས་ལ་འདྲོངས་བས
ཁེ་ལས་པའི་འཇིག་རྟེན་ལ་འགྲན་རྩོད་ཆེ་ཞིང་དགོད་སྒྲ་མང

བཞི་མདོ་ནས་གྲོང་མཐའ་བར
ཤ་ཆང་གིས་ཤེས་རབ་གླེང་བཞིན
བདེ་གཤེགས་སྙིང་བོ་དེ་ལའང་འགྲེལ་ཚུལ་གཞན་ཞིག་འཛུམ
གླེགས་བམ་གྱི་འོད་རླབས་འཇགས་སོང་བ་མིན་ན་སྙན་ངག་པའི་ཚོར་བ་འཁྲུལ་སོང་བའོ

བདེ་ཐང་ནས་རི་རྩེ་བར་ལྟད་མོ་བའི་འགྲུལ་བཞུད་དགོད་ལ
རྟ་རྒྱུགས་དང་སྐོར་བྲོའི་རང་མདངས་མངོན
རིག་གནས་ངོམས་འདོད་དེ་དུས་རབས་ཤིག་གི་ངོ་སོ་རུ་འདོད
དགའ་སྤྲོའི་ཀློང་གི་དུས་རབས་འདི      ངའི་ན་ཟུག་གི་གཏིང་རིམ་ན་རྣག་ཏུ་འཁྱིལ
བཟི་མེད་པའི་སྙན་ངག་ཁྱོད
འཁྱག་རླུང་གི་གྲུ་ཟུར་ན་འགྲོ་བའི་ཡུལ་གྱར་བ་དེ
གྲོང་མཐའ་ནས་ཁྱིམ་ཕུག་ལ་འཐིམས་པ
སྤྲོ་དགའི་མགོ་ཁུངས་ཀྱི་དཀྱོགས་མཚམས་དེ་བསྲིངས་ཕྱིར་རོ
དོ་ནུབ་ཚོར་ཤེས་ཀྱི་འཕུར་ལྡིང་དྲག་པས
མགྲོན་ཤོག་ཁ་བའི་མེ་ཏོག་ཡིན་ལ
ཁང་ཁྱིམ་རེ་རེར་གཞི་རྒྱ་མི་གཅིག་པའི་གསོལ་སྟོན་གང་མང་གདའ

ཇག་རྐུན་ལྟ་བུའི་སྙན་ངག་ཁྱོད
མི་ཚོགས་ཀྱི་སྤྲོ་བ་བཅོམ་བཞིན་གང་དུ་བཞུད་འདོད་དམ
དུས་རབས་འདིར་མི་ཚོགས་སྤྲོ་བས་སྨྱོས་ཡོད་པ་བརྗེད་དུ་མི་འཇུག་རོགས

སྐྱ་རེངས་དེ་ཤེས་རབ་ཡིན་ན
སྤྲོ་དགའ་དེ་མལ་ཆས་ཁོ་ན་ཞིག
མི་གཤིས་དེ་བཟི་སྨན་ཡིན་ན
སྙན་ངག         ཁྱོད་ཉིན་བྱེད་མིན་ན་གྲང་རླུང་ཅིས་ཀྱང་ཡིན་དགོས

ས་སྲོད་འདིར          གསོལ་སྟོན་སྔར་བཞིན་འདུག
དགོད་སྒྲ་གློག་ཞགས་ཡིན་རྐྱེན་དམིགས་ཡུལ་དེ་མ་འཛོལ་ཞིག
རྒྱབ་ལྗོངས་ཀྱི་བླ་རི་སྨུག་པོ         སྙན་ངག་ཁྱོད་ཀྱི་སྲོག་ཤིང་ཡིན་འདུག
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།