གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཞྭ་མོ།༼ཞར་བཀོད་གཉིས་ཡོད༽

2013-10-09 10:59:00 སྡོང་བུ། ཀློག་གྲངས། མཆན ཡོད།


ཆུང་ངུའི་དུས་སུ་ཞྭ་མོ་ཞིག་བཟོས
སྐྲ་ལོ་མང་རུ་མང་རུ
ཞྭ་མོ་ཆང་རུ་ཆུང་རུ
ང་རང་གློ་བུར་དུ་ནར་སོན་བྱུང

ང་ཡི་སྐྲ་ལོའི་དབང་གིས
ཞྭ་མོར་འཁང་ར་བཏོན
ཡིན་ནའང ངས་ཞྭ་མོ་གསར་བ་ཞིག་གྱོན་པར་བློ་མ་བདེ
                 ༢༠༡༣/༦༢༩

           ལམ།
མུན་ནག་གི་འཇིག་རྟེན་དུ
ཁྱེད་ཀྱིས་བྲག་རྫོང་བརྟོལ་ནས་ལམ་ཆེན་འཐེན

འོད་ཟེར་གྱི་ལམ་ཆེན་བརྒྱུད་དུས
ཁོ་བོ་སྨུག་ལོང་ཁྲོད་དུ་མགོ་བོ་འཁོར
                        ༢༠༡༣  ༠༧  ༠༣

          དྲག་ཆར་བབས་བྱུང་།  
ཟླ་བ་འགའི་རིང་ལ་དྲག་ཆར་བབས་བྱུང་ན
ངས་ཆར་གདུགས་ཡུ་བ་རིང་བོ་ཅན་ཞིག་ཉོས་ཆོག
ད་དུང  འགྱིག་ལྷམ་གོང་བདེ་ཞིག་ཀྱང་ཉོས་ཆོག
ལམ་གྱི་དཀའ་སྤྱད་དང་སྡུག་རུས་ནི་ཅིས་ཀྱང་བཟོད་ངེས

དྲག་ཆར་ཁྲོད་དུ་གློག་དམར་འཁྱུག་བྱུང་ན
ངས་ཧི་མ་ལ་ཡའི་ཕ་རོལ་དྲན་སྲིད་ལ
ད་དུང  རེ་བཞག་དང་གདུང་བ་གྲངས་མེད་ཅིག་དྲན་ངེས
དེ་དུས  ངས་ཀྱང་རང་ཉིད་ཀྱི་ཚེ་སྲོག་གི་རྒྱུ་ཕྲ་མོའི་ཕྱིར་དུ
ཁྱོད་ཀྱི་ཐུགས་ལ་མི་འབབ་པའི་བྱ་སྤྱོད་ཞིག་སྟོན་ངེས
                                 ༢༠༡༣/༧/༢༤

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།