གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློ་བུར་ཐོག་རྒྱག་གི་ཁ་པར།

2013-08-27 16:06:00 ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།
        --སྨན་ཁང་དུ་ལུས་པའི་པཱ་ལགས་ལ་ཆེད་དུ་ཕུལ།

       ༼༡ ༽
ཞོགས་གཞོན་ཤར་རིའི་རྩེ་ནས་ཚེས་ཙམ་ལ
ངེས་མེད་སྤྲིན་གྱིས་གཡོས་པའི་མཁའ་དབྱིངས་ནས
འབྲུག་སྒྲའི་ངག་དང་འབྲེས་པའི་གློ་བུར་ཁ་པར་དེས
མིག་མདུན་བསྐྱིལ་བའི་མཛེས་ལྗོངས་ནི
གོས་དཀར་ལྷ་རྗེའི་བྲེལ་འཚུབ་གར་འཁྲབ་དང
ནད་གཞིར་རྒོལ་བའི་ཨ་ཕའི་སྡུག་ཡུས་ཀྱི་རྣམ་འགྱུར་ཅང་ཅང་དེ་རེད
         ༼༢ ༽
ཨ་ཕ    སྐུ་ལས་ཁག་སོང
ས་རྡོའི་གསེང་ནས་བུ་ཕྲུག་གི་ཕུགས་འདུན་འཚོལ་ཕྱིར
འཐུས་ཤོར་སྣང་མེད་ཀྱིས་ལོ་ཟླ་བསྐྱུར་བའི་དེ་རིང
སྐུ་ལུས་གཤགས་བཅོས་སྟེགས་བུའི་གོང་ཁར་ལྷུང་དུས
བུ་ཕྲུག་གི་བྱམས་བརྩེ་དང་སྐྱོ་རོགས  ཁ་བརྡ་ཅི་འདྲ་མཁོ་ཡང
སྐྱབས་གསུམ་དང་སྨོན་ལམ   ཁ་པར་གྱི་སེམས་གསོ་ཙམ་ལས
ཅི་ཡང་འབྱུང་མ་སོང་བས   ཨ་ཕས་དགོངས་བཞེས་གནང་རོགས
          ༼༣ ༽
བསམ་བཞིན་བསམ་ན   མིག་ཆུའི་བསམ་གཞིགས
བླངས་བཞིན་བླངས་ན   ཐག་རིང་སྐྱོ་གླུ་ཕྲ་མོ
ཀུན་ལ་མི་དགོས་རྩ་གཞིའི་ནད་རིགས་གདོན་འདྲེ་དེ
བྱམས་ལྡན་ཨ་ཕ་ཁྱེད་དང་རྒྱང་དུ་བགྱེད་པའི་སྨོན་ལམ་འདེབས
           ༢༠༡༣ལོའི་ཟླ་༧པའི་ཚེས་༢༠ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།