གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛུམ་མདངས་མཁྲེགས་པོ།

2013-12-26 15:26:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

 

 

མི་ཞིག་ཤི་རྗེས
མི་ཚོས་རང་སོའི་ཐོབ་ཐང་གྱོན་ནས་ལམ་ལ་ཆས
སྲང་མདོ་ནས་བགྲེས་པོ་ཞིག་དང་ཕྲད་ཅིང
ངེད་གཉིས་བར་འདོམ་པ་གསུམ་ཙམ་གྱི་སྐུད་པ་ཞིག་བཀལ་ཡོད
གྲོང་ཁྱེར་གྱི་ནམ་མཁའ་སྔ་ནས་མི་ཚོའི་ཁ་རླངས་ཀྱིས་ནག་པོར་བཟོས་ཡོད
 
སྣང་བ་ཞིག་ལ
ཆར་ལྭ་ནག་པོ་གྱོན་པའི་མི་ཚོགས་ཤིག་ང་ཡི་ཕྱོགས་སུ་ཐོན་ཞིང
ཆམ་ནད་ཀྱི་ས་རྡུལ་སྲབ་མོ་ཞིག་གིས་རི་བོ་གཅེར་ཐར་ཞིག་བཏུམ
འགྲུལ་བ་ཞིག་གིས་རྡོག་ཁྲེས་ཁུར་ནས་ཐག་རིང་གི་གསེང་ལ་ཡིབ
ཐག་ཉེ་སའི་མི་ཞིག་ལ་ཅེར་ནས་ཡུན་རིང་བསྡད་ཅིང
དེས་ལག་ཁུག་བྲང་ཁར་བསྡམས་ནས་ས་འོག་ལ་བསྐངས
ཁྱི་གུ་ཞིག་གིས་ང་ཡི་གམ་ནས་དགའ་ཁའི་རྔ་མ་གཡུག་བྱུང
 
ང་ཡི་འགོ་བའི་ལུས་པོ་སྐེམ་ཞིང་རིད་པའི་ཚིགས་མགོ་དག
རས་ལྭ་ཐར་རྐྱང་ཞིག་གིས་སེམས་ཆུང་གིས་བཏུམས་ཤིང
སྐྱ་ཐག་གེར་ཡོད་པའི་གདོང་བས་ང་འདྲ་བ་ཚོར་འཇིག་པ་བསྐྱལ་འོང
འགོ་བས་ཚོགས་ཐོག་ནས་རང་གི་ཕུང་བོ་ཤིང་སྒམ་གྲུ་བཞི་ཞིག་ལ་བརྫངས
ང་ཚོས་ཀྱང་ཤིང་སྒམ་གྲུ་བཞི་རེ་བཙལ་ནས་རང་ཉིད་ནང་ལ་དམ་པོར་བཅུག
 
བགྲེས་པོ་དེ་དེ་གར་ཡུན་རིང་བསྡད་རྗེས
གྲོག་མ་ཞིག་གི་རྗེས་དེད་ནས་རང་གི་ཆུང་མའི་དུར་སར་ཕྱིན
 
ཙག་སྡོམ་ཞིག་གིས་མི་ཚོའི་གདོང་བར་ཚ་བྲབས་ཞུས་ཤིང
ང་ཡི་འཛུམ་མདངས་ལྕགས་ལྟར་མཁྲེགས་པོར་གྱུར།
                    ༢༠༡༣/༡༠/༣༡ ཉིན།
                          སྡོད་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།