གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁ་གཡོ་ཚུལ།

2013-12-12 05:32:00 ཀ་ཁའི་རྒྱང་འབོད། ཀློག་གྲངས། མཆན ཡོད།
མགོ་ཐོད་ཀྱི་ཉི་ཟེར་ལ་དྲོད་སྣང་དབེན་ཞིང
རྐང་འོག་གི་ས་གཞི་འཁྱག་པའི་ཞོགས་པ་དེར
ང་རང   ཕ་ཡུལ་གྱི་རི་ཆུ་ཐང་གསུམ་ལ
འཕྲེང་སེམས་ཀྱི་ཕྱིར་མིག་བསྐོན་ནས
རྡོག་ཐོན་གྱི་གོམ་ཁ་རྒྱུས་མེད་ས་རུ་བཅགས
 
རྒྱུ་དང་འབྲས་བུའི་རྣམ་སྨིན་ལན་ཆགས་ཀྱིས
མི་འདོད་འདུ་འབྲལ་ཆོས་ཉིད་མངལ་དུ་སྦྲུམ
 
ཐལ་རྡུལ་དང་སྤྲིན་ནག་གིས་གཡོས་པའི
ཞོགས་པའི་མཁའ་དབྱིངས་དང
སྐར་ཚོགས་དང་ཟླ་འོད་མེད་པའི
མཚན་པོའི་ཡུལ་ལྗོངས་ཧྲིལ་པོ
འཇིག་སྣང་དང་ཁེར་རྐྱང་གི་སྣང་བས་གདུང་ཡང
ཕ་ཡུལ་གྱི་མཁའ་དབྱིངས་ནས
ཁ་བཏགས་དཀར་པོའི་སྨོན་འདུན་བསྒྲོན་ཡོད
 
ཁ་བའི་ཁ་བཏགས་དཀར་པོས་རྒྱན་པའི་ལྷུན་པོའི་སྤོར
རླུང་རྟའི་ཅོད་པན་འདར་སིག་སིག་གིས་འགྱིང་ཚུལ་ནི
ཇི་འདྲའི་བླ་མེད་གཟི་བརྗིད་ཅིག་ཨང
           ༢༠༡༣ལོའི་ཟླ་༡༡པའི་ཚེས་༡༩ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།