ཆར་བ་འདི་བབས་རྗེས།


གནས་སྐབས་འདིར
ཉེ་འཁོར་གྱི་སྐད་ཆ་མང་པོ་རྡོ་རིལ་རེ་དང་འདྲ་བར
ང་ཡི་རྣ་བའི་བག་ལྷོད་ཀྱི་སྐྱེད་ཚལ་བཅོམ་ཡོང
ཆར་བ་འདི་བབས་རྗེས
རློན་དྲི་འཐུལ་བའི་ས་གཞིར་བྲང་ཁ་སྦྱར་ནས
ནེམ་ལྷོད་ལྷོད་ཀྱི་དྲི་མ་ཞིག་སྣོམ་ཐུབ་བམ
གནས་སྐབས་འདིར
རྨི་ལམ་ནང་གི་རླུང་བུ་ཡང་མོ་དེ
ངའི་མིད་པར་ཐོགས་ནས
ཤེད་ཀྱིས་སྒྲེགས་སྐྱུགས་བྱས་པའི་ཚིག་འབྲུ་དག
སྦལ་ནག་འགའ་རུ་གྱུར་ཏེ་ཕུང་བོའི་གསེང་དུ་གོག
གནས་སྐབས་འདིར གནས་སྐབས་འདིར
ང་ལས་ཀྱང་ཐབས་སྐྱོ་བའི་མི་མང་སྟེ
ཁོ་ཚོས་རང་རང་གི་ལུས་སྟེང་དུ་ལྗོན་པ་བཏབ་ནས
དཔྱིད་ཀ་འདིར ཆར་བ་མང་དུ་འབབ་པར་རེ་ཞིང་སྒུག

                ༢༠༡༥/༥/༥ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ་འདི་བབས་རྗེས།

2015-10-05 ཀློག་གྲངས། མཆན ཡོད།


གནས་སྐབས་འདིར
ཉེ་འཁོར་གྱི་སྐད་ཆ་མང་པོ་རྡོ་རིལ་རེ་དང་འདྲ་བར
ང་ཡི་རྣ་བའི་བག་ལྷོད་ཀྱི་སྐྱེད་ཚལ་བཅོམ་ཡོང
ཆར་བ་འདི་བབས་རྗེས
རློན་དྲི་འཐུལ་བའི་ས་གཞིར་བྲང་ཁ་སྦྱར་ནས
ནེམ་ལྷོད་ལྷོད་ཀྱི་དྲི་མ་ཞིག་སྣོམ་ཐུབ་བམ
གནས་སྐབས་འདིར
རྨི་ལམ་ནང་གི་རླུང་བུ་ཡང་མོ་དེ
ངའི་མིད་པར་ཐོགས་ནས
ཤེད་ཀྱིས་སྒྲེགས་སྐྱུགས་བྱས་པའི་ཚིག་འབྲུ་དག
སྦལ་ནག་འགའ་རུ་གྱུར་ཏེ་ཕུང་བོའི་གསེང་དུ་གོག
གནས་སྐབས་འདིར གནས་སྐབས་འདིར
ང་ལས་ཀྱང་ཐབས་སྐྱོ་བའི་མི་མང་སྟེ
ཁོ་ཚོས་རང་རང་གི་ལུས་སྟེང་དུ་ལྗོན་པ་བཏབ་ནས
དཔྱིད་ཀ་འདིར ཆར་བ་མང་དུ་འབབ་པར་རེ་ཞིང་སྒུག

                ༢༠༡༥/༥/༥ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།