གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནོར་འཁྲུལ།

2017-03-23 11:36:12 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།

ͼƬ1.jpg

ངའི་ཨམ་ཕྲག་ཏུ་ཞི་འཇགས་སུ་སོང་བའི་ཆར་བ་བཅུག་ཡོད
དགུན་ཁར་དེ་ཉིད་ཧུར་ཐག་གིས་གསོན་པར་རེ་ཡོད
ཉི་འོད་ལུས་སྟེང་དུ་འཕྲོས་ཚེ
ངས་རང་ཉིད་མཚོ་མཐའི་རླུང་ནང་དུ་འཁྲིད་ཀྱིན་ཡོད

སྤྲིན་དང་བར་ཐག་ཉེ་བས་མིག་ཆུ་ཡོད་མི་སྲིད
མ་འོངས་པའི་ཞོགས་པར་གླུ་སྒྲ་མེད་པས
གཏན་དུ་འགྲོགས་པའི་མི་དེས
ཉིན་རེར་ཆུ་ལེན་པ་དང་བུད་ཤིང་གཅོག་པ་སོགས་ཀྱིས
ནམ་ཡང་འོད་སྣང་གསལ་མྱོང་མེད་པའི་ཁང་པའི་སྒོ་ཕྱེས

དར་རྒུད་འཛོམ་པའི་ལྗོན་པའི་ཡལ་གས་ངའི་དཔུང་པ་བཅགས
ང་ལ་བདོག་པའི་མེ་ལྕེའི་ཕྱེད་ཀ་མུན་ནག་གིས་བཟོས
ན་གཟེར་བཀོལ་ནས་བྲིས་པའི་སྙན་ངག་ཀྱང་རབ་རབ་ཅིག

ངས་ས་སྲོས་དང་དགུན་ཁའི་རྨི་ལམ་གཉིས་ཆེས་ཉེ་བར་བཟོས
ཕྱི་རོལ་ཏུ་རླུང་བུ་དང་ཆར་བ་གཉིས་དམ་དུ་འཁྱུད

                       2016.6.10.ཉིན་ཕ་ཡུལ་ནས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།