གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ཀྱི་མཚན་ཐུབ་དཀར་པོ།

2018-06-01 22:27:35 རོ་རྒྱ་གླིང་། ཀློག་གྲངས། མཆན ཡོད།

  
                     ཁྱི

ཁྱི་ནི་གཟི་མིག་དགུ་པ་ཞིག་རེད་ཅེས
དུག་སྦྲུལ་གྱི་ལྕེ་ཐོག་ཞིང་ཁམས་གཞན་ཞིག་སྣང

                     ཁྱི

མཚན་མོ་ཧྲིལ་བོ་ཆུང་འདྲིས་ཀྱི་སྐེ་ཞགས་བོར་བར་སྙམ་ནས
ཕྱིར་ཉིན་རང་གི་མིག་གཉིས་གང་དུའང་མི་འདུག

                      ཁྱི

གཏིང་གཟབ་པའི་མུན་ནག་འདིའི་ཁང་མིག་གིས
ལོང་བ་བརྒྱ་དང་ལྐུགས་པ་སྟོང་དྲན་དུ་བཅུག

                     ཁྱི

གངས་ཀྱི་མཚན་ཐུབ་དཀར་བོ
མེ་ལྕེ་དང་ཐབ་ལྷ་འཁོར་ས

               ཁྱི

སྙིང་ཁའི་སྟེང་གི་ཐང་ཀ་རུལ་བོ
རི་མོ་གསལ་པོར་མི་མཐོང་བའི་བོད་ཀྱི་ས་ཁྲ

             ཁྱི

ཆོན་མགོའི་བྱིའུ་དེ་རླུང་ཡང་མོས་ཁུར
མཐའ་མར་སྡོང་བོ་མེད་པའི་ཉི་ནུབ་ནང་ཕྱིར་ལོག

           ཁྱི

ནོར་ནག་གི་གྲིབ་སོ་སར་འཁྱུག་པའི་གློག་ཞགས
མེ་ཏོག་གི་སྐར་མ་རལ་གྲི་ལྟར་རྣོ

          ཁྱི

རུས་པ་དཀར་པོའི་ངོས་ཀྱི་དུད་ཞགས་གྱ་གྱུ
རྗེ་བཙུན་སྒྲོལ་མའི་སྒོ་དར་གྱི་རྒྱང་རིང་གི་འབྲོག་པ
         
                      2018


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།