ཉྭ་ནག་པ་བ་རེས་ལ་རྗེས་དྲན་ཞུ་བའི་སྙན་ངག་འགའ།

ཞྭ་ནག་པ།(གསེར་རྟ)སོགས། 琼迈文学网 2025-05-22
           གཏེར་ལེན་ཁའི་ཟླ་བ།
       
                  ----བོད་ཀྱི་སྙན་ངག་པ་ཉྭ་ནག་པ་བ་རེས་ལ་ཕུལ།
           
                              ཞྭ་ནག་པ། (གསེར་རྟ)

དེ་རིང་གི་ཞོགས་པར
གཏེར་ལེན་ཁའི་ཟླ་བ་ནུབ་སོང
དབྱངས་གསལ་གྱི་གླེགས་བམ་ཆེ་ཆུང་དུ་མ་ཤུལ་དུ་བཞག་ནས་ནུབ་སོང

གཏེར་ལེན་ཁའི་ཟླ་བ
མེ་ཏོག་སེར་ཆེན་ཞིག་ལྟར་རྙིད་སོང
སྨིན་དྲུག་ཁ་ཆུ་ལྟར་སྐམ་སོང

གཏེར་ལེན་ཁའི་ཟླ་བ
རྒྱང་ལྟའི་ཁྲོད་ཀྱི་ལྷ་རི་བརྒལ་ནས་ནུབ་སོང

གཏེར་ལེན་ཁའི་ཟླ་བ
དུས་ཚོད་གཅིག་གི་ནང་གི་ཡིག་འབྲུ་འོད་ཆེན
ད་ལྟ་དངོས་གནས་ནུབ་སོང
ནུབ་སོང་ནའང    གཏེར་ཁའི་ཟླ་བ
ད་རུང་སུ་ལའང་འདང་བརྩེ་ཟབ
           ༢༠༢༥-༥-༢༡ཉིན།
 
          རྐང་།

                 ཧུན • དུར་རོ།(དཀར་མཛེས)

ཐོག་མའི་དུས་སུ་བསིལ་རླུང་འཇམ་བུ་ཞིག་གིས་ཁྱེད་རང་གཉིད་ལས་བསླངས།
མུ་མཐའ་བྲལ་བའི་བྱེ་ཐང་དུ་ཆགས་པའི་འཇིག་རྟེན་ལ་ལྟད་མོར་ཆས་པ་ཡིན།
འཇའ་རྩུབ་མི་མཉམ་པའི་རླུང་གིས་ཡང་ཡང་བརྡབས་པའི་མེ་ཏོག་སེར་ཆེ་ཞིག
ཤིན་ཏུ་སྐྱི་གཡའ་བའི་སད་ཀྱི་ཐན་པ་དང་ལས་ཀྱི་ཕོ་ཉའི་ལག་བརྡ་འབྱོར་ཟེར།

དོ་ནུབ་ངས་ཐོད་པའི་གཉེར་མ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བྱེ་ཐང་ལ་ཅེར།
བྱེ་ཐང་ནས་བཞད་མྱོང་བའི་སེར་ཆེན་མེ་ཏོག་ཅིག་ཨ་མཐོང་གིས་བལྟ་པ་ཡིན།

སྔོན་གྱི་བཤད་རྒྱུན་ལྟར་ན་མིག་ལྕིབས་ལྷབ་ལྷུབ་ཏུ་འགུལ་ན་མི་བཟང་ཟེར།
དངོས་གནས་བདེན་པ་འདྲ་སྟེ་ཉིན་འགའི་སྔོན་ལ་མིག་ལྕིབས་འགུལ་བ་ཚོར།
ང་ནི་ད་ལྟ་ཕ་ཆེར་མནོ་བསམ་ཞིག་གི་དབང་དུ་ཤོར་འགྲོ་བ་ལ་དོགས་པ་སྐྱེས།
རླུང་འཚུབ་དྲག་པོ་ཞིག་ལངས་ཏེ་དོགས་པའི་གནམ་སའི་གོ་མཚམས་ལྷག་ཏུ་བསྒྲིབས།
ས་རྡུལ་དང་འདྲེས་ཤིང་འདམ་འབག་དང་བསྡོངས་བའི་ངའི་དོགས་པ་རིང་མོ་དེ།
སེར་ཆེན་མེ་ཏོག་ཅིག་ལ་སྤྲུལ་ཏེ་འདྲི་རྟགས་མེད་པའི་འཇིག་རྟེན་ལ་ཆས་འདོད།

ངས་བྱེ་ཐང་འདིར་ལོ་ངོ་ཁྲི་སྟོང་གི་ཁ་བ་འབབ་ཨེ་མྱོང་ཞེས་སུ་ཞིག་ལ་འདྲི།
ངས་བྱེ་ཐང་འདིར་བཙན་པོའི་ཞབས་སོར་བཀོད་ཨེ་མྱོང་ཞེས་གང་ལ་འདྲི།

ངའི་ཁོག་པ་ན་དྲག་ཏུ་ལྡིང་ཞིང་དྲག་ཏུ་འཕྱོ་བའི་སྙིང་ཆུང་འཇགས་ཐབས་བྲལ།
ལོ་ཟླའི་ཁ་བ་དང་ཆར་ཆུས་རུས་མིང་བསུབ་ཟིན་པའི་མི་རིགས་དེ་གང་ལ་འགྲོ།
མུ་མཐའ་བྲལ་བའི་བྱེ་ཐང་གི་གསང་བ་རེ་རེ་བྲག་ཅ་དང་འགྲོགས་པའི་དུས་ལ།
ངས་བརྩེ་ཞེན་གྱི་རླབས་རྒྱུན་རེ་རེ་སེམས་ངོས་ནས་གནོན་མ་ཐུབ་སྟེ་ཁྱེད་ལ་ཞུ།

       རྩོམ་འདི་ཉྭ་ནག་པ་བ་རེས་ལགས་སྐུ་གཤགས་པ་ཐོས་འཕྲལ་བྲིས་པ་ཞིག་ཡིན། སྤྱིར་ང་ཉྭ་ནག་པ་བ་རེས་ལ་ཐེངས་གཅིག་འཕྲད་མ་མྱོང་ལ་ངོ་ཡང་མི་ཤེས་མོད། དེ་རིང་གྲོགས་ཚོམས་སུ་ཁོང་གི་བརྩམས་ཆོས་བོད་ཡིག་ལམ་ནས་བྲིས་པ་མང་པོ་སྤེལ་གྱིན་འདུག གཟོད་ངས་ཁོང་ལ་མྱང་ངན་གྱི་འབོད་པ་ཐུང་ཐུང་ཞིག་ཅེས་ཀྱང་འབྲི་དགོས་དྲན། ཤོག་བུ་ཞིག་ཚུར་བླངས་ཏེ་ཤར་མར་བྲིས། གནས་མཆོགXXནས་ཟླ་ལྔ་པའི་ཚེས་ཉེར་གཉིས་ཀྱི་ཞོགས་པར་སླར་ཡང་ཁ་པར་ནང་ལ་བསྐྱར་འབྲི་བགྱིས།
 
             ཀྱེ—— རྒྱང་བཞུད་ཀྱི་མྱི་ཨ།

                         —— བོད་ཀྱི་རྩོམ་པ་པོ་གྲགས་ཅན་དྲག་པ་བློ་གྲོས་སམ་ཉྭ་ནག་པ་བ་རེས་ལགས་སྐུ་གཤེགས་པར་མྱ་ངན་ཞུ། 

ཁྱོད་ཀྱི་རྡོག་པས་བརྫིས་མྱོང་བ་དེ་དག
སྐར་མའི་འོད་ཙམ་ཀྱི་ནམ་མཁའ་འདི་སྲུང་བའི་སྒེའུ་ཁུང་ཡིན
སྒེའུ་ཁུང་ཕར་རྒྱབ་ཀྱི་སྨོན་ལམ་དེའམ
གངས་ལ་ཉི་མ་ཕོག་པའི་མཛེས་པ་དེའི་དབུ་ཁྱུད་ཡིན
           —— དབུ་ཁྱུད།

                  དཔོན་གསས། (སྡེ་དགེ)

ཁྱོད་དང་འདྲ་བར མཚན་མོ་འདི་ཡང་ཁུ་སིམ་མེར་ལུས་འདུག
ཟླ་བ་མཐོང་མ་བྱུང ཁྱོད་ལ་སྐྱེལ་མ་བྱེད་དུ་ཆས་པ་ཡིན་ནམ
ཡར་བལྟས་ན སྐར་མའི་ཚོགས་ཀྱང་མཐོང་དུ་མི་འདུག
སྐར་མ་དེ་དག ཟླ་བ་དང་འདྲ་བར་གང་ལ་ཆས་སོང
ཀྱེ —— རྒྱང་བཞུད་ཀྱི་མི་ཨ ཁྱོད་ཀྱིས་ང་ལ་ཤོད་དང

མཚན་མོ་འདིའི་ནམ་མཁའ ལྷུང་ལྷུང་འབབ་པའི་ཆུ་སྒྲས་ཁེངས་འདུག
དྭངས་གཙང་གི་ཆུ་བོ་འདི ཁྱོད་ཀྱིས་གྲོགས་པོ་ཚོར་བསྐྱུར་བའི་ཆེས་མཐའ་མཇུག་གི་བརྩེ་བ་ཨེ་ཡིན
ཁྱོད་ཀྱིས་མཐའ་ཐུག་གི་རྨི་ལམ་ལ་མཛེས་བཟོ་མ་བྱས་གོང
ཆོག་ཤེས་ཀྱི་ཁུར་བོ་ཁྱེར་ནས་གང་ལ་ཆས་སོང
ཁྱོད་ཀྱི་གཉའ་ཤིང་དུ་ཐོགས་པ་རྒྱང་རིང་གི་རྨི་ལམ་དང་དབྱངས་གསལ་ཡིན་པ་མི་ཚོར་རམ

ཁྱོད་རང་འདི་ལྟར་ཁྲིད་ནས་འགྲོ་དོན འཆི་བའི་ཕར་རྒྱབ་ཀྱི་འཇིག་རྟེན་ལ
མཚན་མོ་སྲུང་བའི་འུག་པ་ཁྱོད་འདྲ་མཁོ་བ་ཡིན་ངེས
དེ་མིན་ན རིགས་རྒྱུད་ཀྱི་དབུ་འཕང་མཐོ་པོར་བསྲིངས་པའི་མཐོ་སྒང་དུ
ཅིས་ཀྱང་སྡོད་དུ་མི་འཇུག་པའི་རྒྱུ་མཚན་མེད་ཡ —— རྒྱང་བཞུད་ཀྱི་མི

ཡི་གེའི་ཆུ་ལ་སྦྱར་བའི་ཁྱོད་ཀྱི་མི་ཚེ་འདི གས་པའི་ནམ་མཁའ་ཚེམ་པའི་ཁབ་དང་སྐུད་པ་ཡིན
རིགས་ཀྱི་ཞེན་པ་དང་སྨག་ནག་གི་མཚན་མོ་སྲུང་བའི་སེམས་ངལ
དབྱངས་གསལ་གྱི་བྱེ་མའི་ཚོགས་སུ་བླུགས་ཏེ
འཁོར་བའི་སྡུག་བསྔལ་རྟོགས་པའི་རྣལ་འབྱོར་གྱི་སྤྱོད་པ་བཟུང་ནས
རྒྱང་རིང་གི་འཆི་བའི་རྒྱབ་ཀྱི་འཇིག་རྟེན་དུ་ཆས་སོང དགོན་པ་རུ
མིག་བཙུམས་ཏེ་ཐལ་མོ་སྦྱར་བའི་རྗེས་ཀྱི བསྔོ་བ་ལན་གཅིག་གི་དྲི་བསུང་དེས
ཅིས་ཀྱང་ཁྱོད་ཀྱི་སྐམ་ལྟོག་གི་སྡུག་བསྔལ་ལ་གཉེར་པོ་བྱེད་པར་ཤོག་ཅིག

རི་རབ་དང་གཙང་པོའི་ཁྲོད་དུ དབྱངས་གསལ་གྱི་ཟླ་འོད་བྱུག་པའི་དུས་ཚོད་དེ་དག་དྲན་ནམ
ནམ་མཁའ་སྨུག་པས་བཟུང་ཡང དབྱངས་གསལ་པིར་ལ་བརྒྱུས་པའི་དགའ་བ་དེ
ཅིས་ཀྱང་བརྗེད་ཐབས་བྲལ་བས ཁྱོད་རང་འཆི་བའི་ཕར་རྒྱབ་ཏུ་མཆིས་ཀྱང
དྲན་པ་སྲུང་བའི་མཆི་མ་ཐིགས་པ་དེ་ཚོ
སྔར་བཞིན་མཐོ་སྒང་གི་ཟིལ་བར་གྱུར་ནས་ཡོད་པ་ཡིད་ཆེས་ཨང

འཆི་བའི་སྐར་ཁུང་གི་ནམ་མཁའ གཞལ་བའི་ཕ་མཐའ་བྲལ་ཡང
དགུ་ཚིགས་ཀྱི་གཙང་པོར་བཙེམས་པའི་དབྱངས་གསལ་གྱི་ཉི་མ་འོད་ཆེན
ཅིས་ཀྱང་འཆི་བའི་ཕར་རྒྱབ་ཀྱི་འཁོར་ལམ་གཅོད་པའི་གཤོག་པ་བྱས་ཆོག
སྒྲོ་གཤོག་གིས་གནམ་འཕང་བཅད་དེ་འཇིག་རྟེན་གྱི་སྒོ་ཁྱུད་གཏོར་བའི་ཉི་མ་དེ
སླར་ཡང་དབྱངས་གསལ་གྱི་མེ་སྤུངས་སྤར་བའི་དུས་ཚིགས་ཡིན་པས
ཁྱོད་རང་བདེ་བར་བཞུད་ཅིག ཁྱོད་རང་མགྱོགས་པོར་ཤོག་ཅིག
གཙང་པོ་དང་རི་རབ་ཀྱི་མཐོ་སྒང་ལ་མཁོ་བའི་མྱི་ཨ —— ཀྱེ་ཀྱེ
         ཉིས་སྟོང ༢༥ ལོའི་ཟླ་བ ༥ པའི་ཚེས་པ ༢༡ ཉིན་བྲིས།

       སྙན་ངག་གིས་ཁྱེད་རང་སྐྱེལ་མ་བྱེད།

                —བོད་ཀྱི་སྙན་ངག་པ་བ་རེས་ལ་ཕུལ་བ།

                    རྒྱ་ཚང་སྨོན་ལམ།(མགོ་ལོག)

ཞོགས་པ་དེར
ངས་གློ་བུར་དུ་ཁྱེད་རང་བཞུད་པའི་གཏམ་དེ་ཐོས་མ་ཐག
ཅི་ཡིན་འདི་ཡིན་མེད་པར
སྙིང་ཁ་ལ་མདེའུ་ཞིག་བསྣུན་ཡོང་བའི་ཚོར་སྣང་ཞིག་སྐྱེས་བྱུང

བ་རེས་ལགས
ཕྱིར་དྲན་ནི་ཟླ་བ་ཞིག་ལ་བཅོལ་དགོས་ཏེ
གཏེར་ལེན་ཁ་ནས་བསྐྱོད་པའི་ཟླ་བ་ཞིག་ལ་བཅོལ་དགོས་བྱུང
ངས་ཤེས་ཀྱི་ཡོད  དེ་ནི་གཏེར་ལེན་ཁའི་ཟླ་བ་ཞིག་སྟེ
སྙན་ངག་པའི་ཚེ་གང་བོའི་གཟི་བརྗིད་ལ་བརྩི་བའི་ཟླ་བ་ཞིག་ཡིན

བ་རེས་ལགས
དེ་ལྟར་ཡིད་དུ་མི་འོང་བའི་དཔྱིད་ཟླ་འདི་ལ
ལྷོ་བཞུད་ཀྱི་བྱ་ཁྱུ་ཕྱིར་ལོག་པའི་དུས་ཚིགས་དང
ཟམ་ཟིམ་དུ་འབབ་པའི་དཔྱིད་ཀའི་ཆར་ཆུ་མཉམ་དུ
སྙན་ངག་པ་ནི་ང་ཚོ་དང་ཁ་བྲལ་སོང

བ་རེས་ལགས
དེ་ལྟར་ཡིད་དུ་མི་འོང་བའི་དཔྱིད་ཟླ་ཞིག་ལ
ངས་ཧོར་ཟླ་ལྔ་བ་དང་དྲུག་པའི་མཚམས་ཤིག་ནས
ཆ་རྒྱུས་ཡོད་པའི་སྨིན་དྲུག་ཅིག་མཁའ་རུ་ཚེས་པ་མཐོང
དེ་ནི་གཏེར་ལེན་ཁ་ནས་མཁའ་རུ་ལྡིང་བའི་སྨིན་དྲུག་ཅིག་སྟེ
ཁ་མཆིལ་ཞོ་གསུམ་ལྡན་པའི་སྨིན་དྲུག་ཅིག་ཡིན
སྨིན་དྲུག་དེའི་ང་ལ་གསུང་དོན
སྤྲིན་པ་ལྷོ་རུ་བཞུད་ཀྱང་སྙན་ངག་པ་ད་དུང་གངས་ཅན་དུ་འདུག་ཟེར
ཁོ་ནི་གཏེར་ལེན་ཁའི་རྩེ་ལྷ་བཅུ་གསུམ་དང་མཉམ་པོར་འདུག་ཟེར

སྙན་ངག་པ་ལགས
ཁྱོད་ནི་མེ་ཏོག་སེར་ཆེན་ཞིག་སྟེ
སེར་ཆེན་དེ་ལས་འཐོར་བའི་འདབ་མ་ནི་ང་ཡི་ཐམས་ཅད་ཡིན

སྙན་ངག་པ་ལགས  གང་ལྟར
རྒྱང་ལྟའི་ཁྲོད་ཀྱི་ལྷ་རིའི་ཁྱོད་རང་བརྗེད་མི་སྲིད
དེ་ནི་གཏེར་ལེན་ཁ་ནས་བཏབ་པའི་ཟླ་བ་དང
སྨིན་དྲུག་ཁ་ཆུ་ལས་འཐོར་བའི་མཆིལ་མ་ཇི་བཞིན་ནོ
      2025ལོའི་ཟླ5པའི་ཚེས21ཉིན་གྱི་ཞོགས་པར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉྭ་ནག་པ་བ་རེས་ལ་རྗེས་དྲན་ཞུ་བའི་སྙན་ངག་འགའ།

2025-05-22 ཞྭ་ནག་པ།(གསེར་རྟ)སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།