ཤམ་བྷ་ལའི་ལམ་ཡིག

མགར་དམག(མཛོད་དགེ) 琼迈文学网 2025-06-02
ཆུའི་སྐུད་པ་ཕྲ་མོ་དག་གིས་མེ་ཏོག་གི་འཕྱོ་སྒེག་ཡར་ལ་འཐེན་གྱིན་འདུག
འཕུར་གྱིན་པའི་བལ་ཕུང་དག་ནི་རྟ་དང་གླང་བོ་གང་གི་གཟུགས་སུ་སྤྲུལ
མེ་ཏོག་ར་བའི་ནང་དུ
“ཤམ་བྷ་ལ”འི་སེམས་ཅན་གྱི་རྣམ་མཁྱེན་འཇིག་རྟེན་གཞན་དུ་འཕོས
“སྦས་ཡུལ་”གྱི་སྒོ་འགྲམ་དུ་གཤོག་ལྡན་གྱི་སེང་གེ་རྡོ་རུ་གྱུར
གདོས་བཅས་རགས་པའི་ཚོགས་ནི་འཕྲུལ་གྱི་བཟོ་སྐྲུན་ལ་ཧད་དེ་ལུས
“གངས་ཏེ་སེའི”ཁོག་པའི་ནང་གི་ནམ་མཁའ
བྱང་མཐའ་ཟད་པའི་ནམ་མཁའ་དེ་ལ་འཕོས
སྲང་ལམ་གྱི་གློག་དམར་ལྗང་ཁུར་གྱུར་ཡང
རིག་ལྡན་གྱི་འཕྲུལ་མིས་རང་གི་གྲིབ་མ་བོར་ཟིན
“Elon Musk”
“ཤམ་བྷ་ལའི”སྒོ་གླེགས་རྡུང་མཁན་གྱི་གཅན་གཟན
འཕུར་གྱིན་པའི་“འཁོར་སྐར་”དག་ནི་སྟག་གཟིག་གང་གི་གཟུགས་སུ་ཡང་སྤྲུལ
“ཕྲ་མཐོང་ཆེ་ཤེལ་”གྱི་ནང་དུ
རིའི་རྒྱལ་པོ་རི་རབ་མ་ཤོང

སྤྲུལ་བ་བརྒྱ་ཡིས
རི་དབང་གི་རྒྱལ་པོ
ཨེ་ཅིབ་“གཏོར་གཟུགས་མཆོད་རྟེན་”ཏུ་འཕོས་ཟིན
ལས་འཕྲོ་བྱུང་པའི་དུས་ཚོད་གཉིས་མཉམ་དུ་འཛོམས་དུས
ཐོག་མཐའ་ཟད་པའི་དུས་ནི་བར་མ་དེ
ང་ཚོ་གང་དུ་ཡང་མེད་དེ
“དཀྱིལ་འཁོར་”གྱི་ལྟེ་བར་གནས་སོ
སྟོང་ཆེན་སྙིང་གི་ཐིག་ལེ་ལ་གནས་སོ

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཤམ་བྷ་ལའི་ལམ་ཡིག

2025-06-02 མགར་དམག(མཛོད་དགེ) ཀློག་གྲངས། མཆན ཡོད།
ཆུའི་སྐུད་པ་ཕྲ་མོ་དག་གིས་མེ་ཏོག་གི་འཕྱོ་སྒེག་ཡར་ལ་འཐེན་གྱིན་འདུག
འཕུར་གྱིན་པའི་བལ་ཕུང་དག་ནི་རྟ་དང་གླང་བོ་གང་གི་གཟུགས་སུ་སྤྲུལ
མེ་ཏོག་ར་བའི་ནང་དུ
“ཤམ་བྷ་ལ”འི་སེམས་ཅན་གྱི་རྣམ་མཁྱེན་འཇིག་རྟེན་གཞན་དུ་འཕོས
“སྦས་ཡུལ་”གྱི་སྒོ་འགྲམ་དུ་གཤོག་ལྡན་གྱི་སེང་གེ་རྡོ་རུ་གྱུར
གདོས་བཅས་རགས་པའི་ཚོགས་ནི་འཕྲུལ་གྱི་བཟོ་སྐྲུན་ལ་ཧད་དེ་ལུས
“གངས་ཏེ་སེའི”ཁོག་པའི་ནང་གི་ནམ་མཁའ
བྱང་མཐའ་ཟད་པའི་ནམ་མཁའ་དེ་ལ་འཕོས
སྲང་ལམ་གྱི་གློག་དམར་ལྗང་ཁུར་གྱུར་ཡང
རིག་ལྡན་གྱི་འཕྲུལ་མིས་རང་གི་གྲིབ་མ་བོར་ཟིན
“Elon Musk”
“ཤམ་བྷ་ལའི”སྒོ་གླེགས་རྡུང་མཁན་གྱི་གཅན་གཟན
འཕུར་གྱིན་པའི་“འཁོར་སྐར་”དག་ནི་སྟག་གཟིག་གང་གི་གཟུགས་སུ་ཡང་སྤྲུལ
“ཕྲ་མཐོང་ཆེ་ཤེལ་”གྱི་ནང་དུ
རིའི་རྒྱལ་པོ་རི་རབ་མ་ཤོང

ཆུའི་སྐུད་པ་ཕྲ་མོ་དག་གིས་མེ་ཏོག་གི་འཕྱོ་སྒེག་ཡར་ལ་འཐེན་གྱིན་འདུག
འཕུར་གྱིན་པའི་བལ་ཕུང་དག་ནི་རྟ་དང་གླང་བོ་གང་གི་གཟུགས་སུ་སྤྲུལ
མེ་ཏོག་ར་བའི་ནང་དུ
སྤྲུལ་བ་བརྒྱ་ཡིས
རི་དབང་གི་རྒྱལ་པོ
ཨེ་ཅིབ་“གཏོར་གཟུགས་མཆོད་རྟེན་”ཏུ་འཕོས་ཟིན
ལས་འཕྲོ་བྱུང་པའི་དུས་ཚོད་གཉིས་མཉམ་དུ་འཛོམས་དུས
ཐོག་མཐའ་ཟད་པའི་དུས་ནི་བར་མ་དེ
ང་ཚོ་གང་དུ་ཡང་མེད་དེ
“དཀྱིལ་འཁོར་”གྱི་ལྟེ་བར་གནས་སོ
སྟོང་ཆེན་སྙིང་གི་ཐིག་ལེ་ལ་གནས་སོ

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།