དེ་ལྟར་མ་བྱེད། བདག་གི་ནམ་ཟླ།(ཞར་བཀོད་གསུམ་ཡོད)

མཐོང་གྲོལ།(ནག་ཆུ) 琼迈文学网 2025-06-02

རྩོམ་པ་པོའི་ཉེ་དུས་ཀྱི་འདྲ་པར།

             ༡
མ་རེད། དབྱར་ཁ་དེར།
ཕྱིང་ཞྭ་སྐྱ་བོ་མེད་ཀྱང་།
ཆར་བ་རྒྱང་རིང་གི་ཆུང་མའི་མིག་ཆུ་བཞིན།
ཡང་ཡང་བདག་གི་སྦྲ་འདབས་ཀྱི་ཐོག་ཏུ་སྐྱོ་བས་འབབ་རོགས།།
དེ་ལྟར་བྱུང་ན་ཁྱོད་ལ་བྲིས་པའི་སྙན་ངག་གི་
ཁེར་རྐྱང་ལ་ཚིག་དང་སྒྲ་འོང་ངེས།

མ་རེད།   དབྱར་ཁ་དེར།
འབྲོག་པ་དག་གི་ལས་དབང་གྲོང་ལ་སྤུར་ཡང་།
འཇའ་ཚོན་ཞིག་གཞོན་ནུ་མའི་མཛེས་གོས་བཞིན།
ལུང་པའི་ཕུ་གསུམ་མདོ་ལ་ཤར་རོགས་གནང་།
དེ་ལྟར་བྱུང་ན་རྨོ་མོའི་རྩྭ་ཐང་དུ།
རྟ་ཕོ་བཞོན་པའི་སྤོ་ལགས་ཀྱི་འདས་དོན་རྙེད་ངེས།

              ༢
ང་རང་ཁྱིམ་གྱི་འབོལ་ཁྲིའི་སྟེང་དུ་གློ་ཉལ་གྱིས།
བརྩེ་དུང་མེད་པའི་ཕོ་མོ་གཉིས་ཀྱི་ལས་དབང་བསམ་ན།
ཆང་དང་ཐ་མག་གི་མཚན་མོ་དེ།
ཡང་ཡང་འཐུང་ཞིང་རྔུབ་ཀྱང་།
སྙིང་པོ་ལ་མ་རྒྱ་ཤོར་འདུག
ཁྲེལ་གཞུང་གི་རྣམ་ཤེས་ཀྱང་ངག་སྡོམ་འདུག

             ༣
ང་རང་ཁེང་རྐྱང་གི་རི་ཚོགས་ལ་གཡེང་གིན།
ད་ནང་རྒྱང་ལ་ཤོར་བའི་རྟ་ཕོར་བལྟས།
འཇམ་པོ་མཆི་མའི་ནང་དུ།
ཀྱོག་པ་ངག་གི་ནང་དུ།
དུས་ཀྱི་མེ་ལོང་ནང་དུ།
ཤ་དང་རུས་པའི་ནང་དུ།
ངས་ཡུན་རིང་བཞེངས་པའི་འཁོར་བ་མེད་དོན་ཅི་རེད།
ངས་སྡུག་རུས་ཀྱིས་བསགས་པའི་འཁོར་བའི་འབྲས་བུ་ཡང་མེད་དོན་ཅི་རེད།

             ༤
ང་རང་།
གཤོག་པ་རྨས་པའི་རྨི་ལམ་དེའི་ནང་དུ་ལྷུང་ནས།
ཏོག་ཙམ་མིན་ན་ཕྱིར་ལོག་མ་ཐུབ་པའི་དུས་ཤིག་ལ།
ཁྱོད་ཀྱིས་ངའི་ཡོད་ཚད་ལ་བསླུ་བྲིད་བྱེད་བཞིན་ཡོད་པ་གཞི་ནས་ཤེས།
དུས་ཚོད།

             ༥
ངས་མུན་པའི་ཡོལ་བ་ཕྱེས་ནས།
ཁྱོད་ཀྱི་དག་གཙང་གི་ཆ་དག་བཙལ་ཡང་།
ཁྱོད་ཀྱིས་བརྩེ་དུང་གི་ངག་མ་ཁྲོལ།
སྐྱོ་གདུང་གི་སྙན་ངག་ཀྱང་བྲིས་མ་སོང་བས།
ང་ཚོ་སྐྱེ་བ་གཅིག་གི་ས་ལ།
ཡང་ཡང་འཛོམ་མ་ཐུབ།

མུན་པའི་འོད།

འོད་ཀྱི་ཞོགས་པ་གཅིག་ཁ་བ་བཞིན་ཞུས་རྗེས།
བདག་གི་དཔེ་སྒྲོམ་དང་སྔས་མགོ་ནས་མུན་པ་ཞིག་ནག་ཅམ་མེར་མངོན།
གྲིབ་མ་དག་གྲིབ་མར་འདྲེས་ནས།
ཕན་ཚུན་ངོ་མི་ཆོད་པའི་སྐབས་ཤིག་ལ།
ཐབ་ཁུང་གི་མེ་ལྕེ་ལྷན་ནེར་མཆེད།
ཤེས་རབ་ཀྱི་མངའ་ཐང་ཡང་ངག་བསྡམས་སོང་།
ཨ་ཕའི་ཚིག་གི་གསོལ་འདེབས་གཅིག་པུ་རྣ་བར་ཡང་ཡང་ལྷུང་།

ལུང་ཆུང་གི་ཁེར་རྐྱང་།

ང་རང་ད་ལྟ་འུ་གཉིས་དང་པོ་འཕྲད་སའི་ལུང་ཆུང་དེ་རུ་སླེབ།
འདི་རུ་ཁེར་རྐྱང་གི་རྣམ་ཤེས་ཤིན་ཏུ་མང་བས།
སུན་སྣང་གི་རི་ཚོགས་ལ་མུན་པ་ཅུང་ཙམ་རུབ་འདུག
རྟ་རྒན་འགའ་ནི་ཞེད་སྣང་གི་མགོ་བོ་ཕར་གཡུག་ཚུར་ལ་གཡུག་བཞིན།
མཚོ་ཆུང་གི་མཐའ་ལ་ངང་བ་བཞིན་ཕན་ཚུན་གཉིས་ལ་འཐམས།
ཨ་ཙི།  ང་ལ་ཁྱོད་རང་མེད་པས་གཅིག་པུར་སྣང་།
གཅིག་པུར་ཡིན་པ་དེ་ཡང་ཕྱེད་ཀ་གས།

གཟིགས་སྣང་།

ཕ་རྒན་གྱིས།  མཐོན་པོ་་རིའི་རྩེ་མོ་ནས།
ངེད་ཅག་རེ་རེ་བཞིན་ཁྱིམ་ལ་འཁོར་བར་སྒུག་ནས་བལྟས་འདུག

བདག་གིས་ཀྱང་།  ཁང་རྙིང་དེའི་སྒོ་དང་སྒེའུ་ཁུང་ནས།
རྒྱང་ལ་ཆས་ཚུལ་དང་ཁྱིམ་ལ་ལོག་སྟངས་ལ་བལྟས་ནས་བསྡད།

དྲན་པའི་ཡང་གཏིང་ནས་སྨྱུག་རྩེར་ལྷུང་བའི་ཡིག་འབྲུ་རེ་རེ།
ཡང་ཡང་ནག་པོར་སྣང་ཞིང་། ལན་རེར་སུན་སྣང་དང་ཁོ་ཆད་འགའ་ཡང་གྱུར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དེ་ལྟར་མ་བྱེད། བདག་གི་ནམ་ཟླ།(ཞར་བཀོད་གསུམ་ཡོད)

2025-06-02 མཐོང་གྲོལ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།