གངས་ཞུན་གྱི་སྙན་ངག་གསར་པ། 《མཚན་མོ》

གངས་ཞུན།(ཟི་ལིང) 琼迈文学网 2025-06-21
ངས     མཚན་ནམ་རིང་མོ་འདི་ལ་ལྟད་མོ་བལྟས་ཡོད

མུན་ནག་གི་ཀློང་ནས
སྐར་མདའ་རེ་འགའ
རང་ལུས་སྦར་ཏེ་མཁའ་མཐར་ལྷུང་ན་ཡང
འཇིག་རྟེན་གསལ་མ་ཐུབ་ལ
ཁོང་ཚོར་མྱ་ངན་ཞུ་ཤེས་མཁན་ཡང་མ་བྱུང

རང་ལམ་མི་རྙེད་པའི་མི་རྣམས
མགོ་བོ་བཀྱགས་ཏེ་རེ་བའི་མིག་ཟུང་ཀེར་དུས
དགུ་ཚིགས་ཀྱིས་དུམ་བུར་གཏུབ་པའི་ནམ་མཁས
སྟོང་བ་དང་ཡང་སྟོང་གི་སློབ་སྟོན་ཡང་ཡང་གནང

སྔུར་བ་རིང་མོ་ཞིག་གིས་བར་སྣང་གཤགས་དུས
རིང་ལུགས་པ་དང་གྲུབ་མཐའ་བ་དག་གི
ང་བདེན་ཁྱོད་བདེན་གྱི་ཀི་བསྭོས་གནམ་ས་བཀང་བའི་རྒྱབ་ན་
ཁྲེལ་དགོད་དང་འཛུམ་མདང་ཅི་ཡོད་མཐོང་ཐབས་བྲལ

ཅི་ཡང་མི་མཐོང་བའི་མཚན་མོར
དཀར་ནག་མི་ཕྱེད་པའི་མཚན་མོར
གཉིད་དུ་ཡུར་བའི་མི་དག་ཇི་འདྲ་སྐྱིད་ཨང
མུན་ནག་ཏུ་གཉིད་ལ་གོམས་པ་འདི་ནི
དུས་རབས་འདིའི་རིག་གནས་ཡིན

མུན་པ་མཐུག་ནས་མཐུག་ཏུ་ཕྱིན
མུན་པས་མུན་པ་ཟོས་ཏེ
མུན་པའི་མཐར་ཐུག་ཐོན་ལ་ཉེ
མུན་པས་མུན་པ་བརྫིས་ཏེ
མུན་པའི་ཕུང་བོ་འགས་ལ་ཉེ

བསྐལ་བའི་མཐའ་མར
སྐྱ་རེངས་ལ་སྒུག་པ་ལས
རང་ཉིད་ཀྱི་ཉི་ཟླ་སྐར་གསུམ་རང་ཉིད་ཀྱིས་སྐྲུན་དགོས
མུན་ནག་གི་ཀློང་ནས
ངས་དེ་ལྟར་ཀི་རིང་ལན་གསུམ་བཏབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གངས་ཞུན་གྱི་སྙན་ངག་གསར་པ། 《མཚན་མོ》

2025-06-21 གངས་ཞུན།(ཟི་ལིང) ཀློག་གྲངས། མཆན ཡོད།
ངས     མཚན་ནམ་རིང་མོ་འདི་ལ་ལྟད་མོ་བལྟས་ཡོད

མུན་ནག་གི་ཀློང་ནས
སྐར་མདའ་རེ་འགའ
རང་ལུས་སྦར་ཏེ་མཁའ་མཐར་ལྷུང་ན་ཡང
འཇིག་རྟེན་གསལ་མ་ཐུབ་ལ
ཁོང་ཚོར་མྱ་ངན་ཞུ་ཤེས་མཁན་ཡང་མ་བྱུང

རང་ལམ་མི་རྙེད་པའི་མི་རྣམས
མགོ་བོ་བཀྱགས་ཏེ་རེ་བའི་མིག་ཟུང་ཀེར་དུས
དགུ་ཚིགས་ཀྱིས་དུམ་བུར་གཏུབ་པའི་ནམ་མཁས
སྟོང་བ་དང་ཡང་སྟོང་གི་སློབ་སྟོན་ཡང་ཡང་གནང

སྔུར་བ་རིང་མོ་ཞིག་གིས་བར་སྣང་གཤགས་དུས
རིང་ལུགས་པ་དང་གྲུབ་མཐའ་བ་དག་གི
ང་བདེན་ཁྱོད་བདེན་གྱི་ཀི་བསྭོས་གནམ་ས་བཀང་བའི་རྒྱབ་ན་
ཁྲེལ་དགོད་དང་འཛུམ་མདང་ཅི་ཡོད་མཐོང་ཐབས་བྲལ

ཅི་ཡང་མི་མཐོང་བའི་མཚན་མོར
དཀར་ནག་མི་ཕྱེད་པའི་མཚན་མོར
གཉིད་དུ་ཡུར་བའི་མི་དག་ཇི་འདྲ་སྐྱིད་ཨང
མུན་ནག་ཏུ་གཉིད་ལ་གོམས་པ་འདི་ནི
དུས་རབས་འདིའི་རིག་གནས་ཡིན

མུན་པ་མཐུག་ནས་མཐུག་ཏུ་ཕྱིན
མུན་པས་མུན་པ་ཟོས་ཏེ
མུན་པའི་མཐར་ཐུག་ཐོན་ལ་ཉེ
མུན་པས་མུན་པ་བརྫིས་ཏེ
མུན་པའི་ཕུང་བོ་འགས་ལ་ཉེ

བསྐལ་བའི་མཐའ་མར
སྐྱ་རེངས་ལ་སྒུག་པ་ལས
རང་ཉིད་ཀྱི་ཉི་ཟླ་སྐར་གསུམ་རང་ཉིད་ཀྱིས་སྐྲུན་དགོས
མུན་ནག་གི་ཀློང་ནས
ངས་དེ་ལྟར་ཀི་རིང་ལན་གསུམ་བཏབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།