རང་གིས་རང་ལ་ཚ་འདྲི་གཏོང་རིམ་བཞིན།(ཞར་བཀོད་གཅིག་ཡོད)

རྟོགས་སྨྱོན།(ལྷ་ས) 琼迈文学网 2025-08-29
ས་སྲོད་ཀྱི་དབེན་འཇགས་འཐུང་བའི་གྲུམ་པ
ཉིན་མཚན་གྱི་གོ་རིམ་ལྡོག་ཏེ་གླིང་ཕྲན་ཞིག་ཀློག་དུས
ཁྱོད་ལ་མཐོང་བ་དང་མྱོང་བ་ཅི་ཞིག་གཏམས་བྱུང
མཚན་མོའི་ཡུལ་ལྗོངས་ལ་སྦར་ཉུལ་བྱེད་སྐབས
བཤང་གཅིའི་རྟུག་དྲི་སྔར་བཞིན་འཐུ་འོང
ཚ་འདྲི་གཏོང་རིམ་བཞིན རང་ཉིད་ནི
རྡོ་ལེབ་ཕོག་པའི་བྱིའུ་རྨས་མ་ལྟར་དབུགས་ལྷེམ་ལྷེམ

རྒྱང་རིང་ནས་འཕུར་བའི་ཁྲུང་ཁྲུང་དཀར་མོས
ལྷོ་བཞུད་ཀྱི་ཆུ་འཛིན་ཁོ་ན་མཆན་འོག་ཏུ་རུམ
ལྕགས་སྒྲོམ་གྱི་ཁྲ་མའི་ནང་གི་འདོགས་ཁྱི་གཏུམ་པོས
འཇིག་རྟེན་ཁྱུར་མིད་གཏོང་བའི་རློམ་ཤེས་ཀྱི་མེ་ལྕེ

སྙིང་ཉེ་ལགས རང་ཉིད་འཆིང་ཐག་ལས་དགྲོལ་ཕྱིར
གོམས་གཤིས་ཕོར་པ་གང་རེ་ཧུབ་ཀྱིས་བཏུངས་ནས
ལས་དབང་གི་གནས་སྟངས་ལ་དྲས་ཁ་བསྐྱར་མ་རྒྱབ་ནས
ཆེས་གཉུག་མའི་རང་གཤིས་ཀྱི་གཏིང་རིམ་འཚོལ་ཞིབ་ཀྱིས
མུ་མཐུད ཁ་སང་གི་རང་ཉིད་ལ་ཚ་འདྲི་དང་ཞུ་དག་གཏོང་དགོས

གངས་རི་མར་དུ་འགྱུར་གྱིན་འདུག་གམ
རྩྭ་ཐང་གསེར་བྱེས་གཏམས་ཀྱིན་འདུག་གམ
གཙོ་ཆེ་ཤོས་ནི་ཁ་ནང་བལྟས་ཀྱི་ཤུགས་་གླུ་གྱེར་ཚུལ་དེ་རེད
ཉིན་སྲིབ་དཀར་ནག་དེའི་འོག་གི་དྲན་པ་རློན་པ་དེ་དང
དྲན་པ་དེས་བཏབ་པའི་རྡོ་བའི་གཏམ་རྒྱུད་དང གཞན་དག

སྙིང་ཉེ་ལགས།  གླུ་ཞིག་ལོངས་དང་། 

དུས་ཚོད་ནི་ང་ཚོའི་འཁྲིས་ནས་སྐད་ཅིག་གིས་ཡལ་འགྲོ
མི་རྟག་འཆི་བ་ཡང་འདི་ལྟར་ང་ཚོ་དང་ཐག་ཇེ་ཉེ་ནས་ཇེ་ཉེ
དུས་ཚོད་ལ་གཅེས་སྤྲས་བྱེད་མཁན་གྱི་མི་དེས
དུས་ཚོད་ཀྱི་བར་དང་གསེང་ནས་ཚེ་སྲོག་གི་རིན་ཐང
ཤད་མ་སྤུ་ཕྲུག་བཞིན་འཐག་གིན་མི་འདུག་གམ

ཚེ་སྲོག་གི་རིན་ཐང་ཟེར་བའང ཉི་མ་རེ་རེའི 
ཆུ་ཚོད་རེ་རེའི སྐར་མ་རེ་རེའི 
སྐར་ཆ་རེ་རེའི་ལུས་སེམས་ཀྱི་སྤྲོ་སྣང་དེ་རེད
སྤྲོ་ནང་དེ་ནི་བལྟ་ཀློག་གི་ཤོག་བུའི་རུམ་ན་ཡོད
སྒྱུ་རྩལ་གྱི་སྐུད་སྣེའི་གསེང་ན་ཡོད
ལག་རྩལ་གྱི་རྒྱུ་སྤུན་ཁྲོད་ན་ཡོད
མདོར་ན་རིག་པ་ཞིག་སློབ་བཞིན་པ་དང
ལས་དོན་ཞིག་སྒྲུབ་བཞིན་པ
ལས་སྣ་ཙག་ཙིག་ཅིག་བྱེད་བཞིན་པའི
ཉམས་ལེན་གྱི་བརྒྱུད་རིམ་ཕྲ་མོ་ཁོ་ན་ཡིན

རང་དབང་ཞིག་འཚོལ་ཕྱིར
བདེན་པ་ཞིག་བརྡར་ཕྱིར
ཁེར་རྐྱང་ཁོ་ན་གོས་སུ་གྱོན་ཏེ
མི་ལ་བཞིན་འཚོ་དགོས

སྙིང་ཉེ་ལགས གླུ་ཞིག་ལོངས་དང
མི་ཚེའི་གར་སྟེགས་འདི་ནས
ད་ལྟ་བའི་གནས་སྐབས་འདི་ནས
སྤང་ལྗོངས་ཀྱི་ཆུ་ཕྲན་ལྟར
བྱིའུ་ཆུང་གི་གཤོག་འདབ་བཞིན
གླུ་ཆུང་ཀྱུ་རུ་རུ

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་གིས་རང་ལ་ཚ་འདྲི་གཏོང་རིམ་བཞིན།(ཞར་བཀོད་གཅིག་ཡོད)

2025-08-29 རྟོགས་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
ས་སྲོད་ཀྱི་དབེན་འཇགས་འཐུང་བའི་གྲུམ་པ
ཉིན་མཚན་གྱི་གོ་རིམ་ལྡོག་ཏེ་གླིང་ཕྲན་ཞིག་ཀློག་དུས
ཁྱོད་ལ་མཐོང་བ་དང་མྱོང་བ་ཅི་ཞིག་གཏམས་བྱུང
མཚན་མོའི་ཡུལ་ལྗོངས་ལ་སྦར་ཉུལ་བྱེད་སྐབས
བཤང་གཅིའི་རྟུག་དྲི་སྔར་བཞིན་འཐུ་འོང
ཚ་འདྲི་གཏོང་རིམ་བཞིན རང་ཉིད་ནི
རྡོ་ལེབ་ཕོག་པའི་བྱིའུ་རྨས་མ་ལྟར་དབུགས་ལྷེམ་ལྷེམ

རྒྱང་རིང་ནས་འཕུར་བའི་ཁྲུང་ཁྲུང་དཀར་མོས
ལྷོ་བཞུད་ཀྱི་ཆུ་འཛིན་ཁོ་ན་མཆན་འོག་ཏུ་རུམ
ལྕགས་སྒྲོམ་གྱི་ཁྲ་མའི་ནང་གི་འདོགས་ཁྱི་གཏུམ་པོས
འཇིག་རྟེན་ཁྱུར་མིད་གཏོང་བའི་རློམ་ཤེས་ཀྱི་མེ་ལྕེ

སྙིང་ཉེ་ལགས རང་ཉིད་འཆིང་ཐག་ལས་དགྲོལ་ཕྱིར
གོམས་གཤིས་ཕོར་པ་གང་རེ་ཧུབ་ཀྱིས་བཏུངས་ནས
ལས་དབང་གི་གནས་སྟངས་ལ་དྲས་ཁ་བསྐྱར་མ་རྒྱབ་ནས
ཆེས་གཉུག་མའི་རང་གཤིས་ཀྱི་གཏིང་རིམ་འཚོལ་ཞིབ་ཀྱིས
མུ་མཐུད ཁ་སང་གི་རང་ཉིད་ལ་ཚ་འདྲི་དང་ཞུ་དག་གཏོང་དགོས

གངས་རི་མར་དུ་འགྱུར་གྱིན་འདུག་གམ
རྩྭ་ཐང་གསེར་བྱེས་གཏམས་ཀྱིན་འདུག་གམ
གཙོ་ཆེ་ཤོས་ནི་ཁ་ནང་བལྟས་ཀྱི་ཤུགས་་གླུ་གྱེར་ཚུལ་དེ་རེད
ཉིན་སྲིབ་དཀར་ནག་དེའི་འོག་གི་དྲན་པ་རློན་པ་དེ་དང
དྲན་པ་དེས་བཏབ་པའི་རྡོ་བའི་གཏམ་རྒྱུད་དང གཞན་དག

སྙིང་ཉེ་ལགས།  གླུ་ཞིག་ལོངས་དང་། 

དུས་ཚོད་ནི་ང་ཚོའི་འཁྲིས་ནས་སྐད་ཅིག་གིས་ཡལ་འགྲོ
མི་རྟག་འཆི་བ་ཡང་འདི་ལྟར་ང་ཚོ་དང་ཐག་ཇེ་ཉེ་ནས་ཇེ་ཉེ
དུས་ཚོད་ལ་གཅེས་སྤྲས་བྱེད་མཁན་གྱི་མི་དེས
དུས་ཚོད་ཀྱི་བར་དང་གསེང་ནས་ཚེ་སྲོག་གི་རིན་ཐང
ཤད་མ་སྤུ་ཕྲུག་བཞིན་འཐག་གིན་མི་འདུག་གམ

ཚེ་སྲོག་གི་རིན་ཐང་ཟེར་བའང ཉི་མ་རེ་རེའི 
ཆུ་ཚོད་རེ་རེའི སྐར་མ་རེ་རེའི 
སྐར་ཆ་རེ་རེའི་ལུས་སེམས་ཀྱི་སྤྲོ་སྣང་དེ་རེད
སྤྲོ་ནང་དེ་ནི་བལྟ་ཀློག་གི་ཤོག་བུའི་རུམ་ན་ཡོད
སྒྱུ་རྩལ་གྱི་སྐུད་སྣེའི་གསེང་ན་ཡོད
ལག་རྩལ་གྱི་རྒྱུ་སྤུན་ཁྲོད་ན་ཡོད
མདོར་ན་རིག་པ་ཞིག་སློབ་བཞིན་པ་དང
ལས་དོན་ཞིག་སྒྲུབ་བཞིན་པ
ལས་སྣ་ཙག་ཙིག་ཅིག་བྱེད་བཞིན་པའི
ཉམས་ལེན་གྱི་བརྒྱུད་རིམ་ཕྲ་མོ་ཁོ་ན་ཡིན

རང་དབང་ཞིག་འཚོལ་ཕྱིར
བདེན་པ་ཞིག་བརྡར་ཕྱིར
ཁེར་རྐྱང་ཁོ་ན་གོས་སུ་གྱོན་ཏེ
མི་ལ་བཞིན་འཚོ་དགོས

སྙིང་ཉེ་ལགས གླུ་ཞིག་ལོངས་དང
མི་ཚེའི་གར་སྟེགས་འདི་ནས
ད་ལྟ་བའི་གནས་སྐབས་འདི་ནས
སྤང་ལྗོངས་ཀྱི་ཆུ་ཕྲན་ལྟར
བྱིའུ་ཆུང་གི་གཤོག་འདབ་བཞིན
གླུ་ཆུང་ཀྱུ་རུ་རུ

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།