སོར་མོའི་ནག་ཉེས།(ཞར་བཀོད་གཅིག་ཡོད)

གདུ་བུ།(ལྷ་ས) 琼迈文学网 2025-09-13


                                   ---དགེ་རྒན་དུས་ཆེན་ལ་བྲིས།

ངས་ཁྱེད་ཁོ་ན་ཉི་མ་ལ་བཞེངས་བསྐྲུན་བྱས
སླར་ཡང་ཟླ་བ་ལ་བཟོས
དེའི་རྗེས་ནས་ཡང་བསྐྱར་དགུ་ཚིགས་ཆེན་མོ་ཞིག་ལ་ཆ་བཞག
མཐའ་མར་སྒྲོན་མེའི་གཟུགས་སུ་བཀོད
ལག་པ་རིང་པོ་ཞིག་བསྲིངས་མཐར
སྔ་མོ་ནས་ཁྱེད་ལ་དཔེ་ཅན་བོར་ཟིན་པ་ཤེས་མི་འདུག
དེ་རིང
ཁོ་ཚོས་ཁྱེད་ལ་ཉི་མ་ཟླ་བ་ཞེས་དཔེ་ཅན་དགོད་ན
ངས་འདི་ནི་སོར་མོའི་ནག་ཉེས་རེད་སྙམ་པས
ཁོང་ཁྲོ་སྐྱེས་སོ།
                   9.10ཉིན་བཅོས།
 

རྒྱབ་ཀྱི་མེ་ཏོག
 
སེམས་པ་འདི་ཁ་ཧྥེན་གླིང་གི་རོལ་མོ་ཞིག་དང་ཕྲད
ལག་པ་འདི་གཉིས་ཀྱིས་མཐའ་ཡས་པའི་རྟ་ཕོའི་བང་ཁ་ལ་རེག
རླངས་འཁོར་གྱི་མ་ལག་གཅིག་ཞིག་པས
སྐད་འཕྲིན་ལས་ཞིག་གསོ་གནང་མཁན་གྱི་མི་ཞིག་ལ་སྒོར་མོ་སྦྱིན
ཟླ་བའི་ཆ་ཤས་ཤིག་བུད་མེད་ཀྱི་རྒྱབ་ཏུ་ཡོད་ནའང
ཟླ་བ་ལྷ་མོའི་འཕྲིན་པའི་ནང་དུ་ཟླ་བ་ནི་ཧྲིལ་བོ་ཁོ་ན་ཡིན་པའི་རྒྱུ་མཚན་བསྐུར
DNAནི་མ་སྐྱེས་ཨ་མ་རེད་ཟེར བླ་མ་མཁྱེན
རི་བོ་ཧི་མ་ལ་ཡི་སྐྱེ་བ་སྔོན་མ་ཕྱེ་མ་ལེབ་རེད་ཟེར བླ་མ་མཁྱེན
ཤིན་ཏུ་ཡང་བའི་གཤོག་ཟུང་གིས་གླིང་ཕྲན་ཉི་ཤུ་འདེགས་ནུས་ཟེར ཀི་ཧི་ཧི
ཡུགས་མོའི་ཆོ་ངེའི་ནང་ཚངས་དབྱངས་རྒྱ་མཚོའི་ཤམ་ཐབས་ལུས་འདུག
ཡར་ཀླུང་གཙང་པོར་ལྕགས་ཀྱིས་བསྡམས་ནས་གློད་རྩིས་མི་འདུག
AIཡིས་འཕྲུལ་འཁོར་གྱི་སངས་རྒྱས་བཟོ་ཤེས་ཟེར བདེན་ནམ
ཚན་རིག་པའི་འདྲ་པར་ཞིག་གིས་གསུངས་བྱོན་པ་རེད་ཟེར
མདུན་དུ་དམར་རྗེན་དུ་བཏང་བ་འདི་དུས་འདས་པ་རེད་ཟེར
ཁྲོམ་པའི་ནང་ཅང་ཤེས་རྒོད་པོ་ཞིག་བརྟོད་འདུག་ཟེར
ངའི་རྨི་ལམ་དུ་ཅང་ཤེས་རྒོད་པོ་དེ་འོད་མའི་ཚལ་དུ་རྒྱུག་པ་རྨིས་བྱུང
           2025.08.08

རྩོམ་སྒྲིག་པ། གངས་དགའ།
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སོར་མོའི་ནག་ཉེས།(ཞར་བཀོད་གཅིག་ཡོད)

2025-09-13 གདུ་བུ།(ལྷ་ས) ཀློག་གྲངས། མཆན ཡོད།


                                   ---དགེ་རྒན་དུས་ཆེན་ལ་བྲིས།

ངས་ཁྱེད་ཁོ་ན་ཉི་མ་ལ་བཞེངས་བསྐྲུན་བྱས
སླར་ཡང་ཟླ་བ་ལ་བཟོས
དེའི་རྗེས་ནས་ཡང་བསྐྱར་དགུ་ཚིགས་ཆེན་མོ་ཞིག་ལ་ཆ་བཞག
མཐའ་མར་སྒྲོན་མེའི་གཟུགས་སུ་བཀོད
ལག་པ་རིང་པོ་ཞིག་བསྲིངས་མཐར
སྔ་མོ་ནས་ཁྱེད་ལ་དཔེ་ཅན་བོར་ཟིན་པ་ཤེས་མི་འདུག
དེ་རིང
ཁོ་ཚོས་ཁྱེད་ལ་ཉི་མ་ཟླ་བ་ཞེས་དཔེ་ཅན་དགོད་ན
ངས་འདི་ནི་སོར་མོའི་ནག་ཉེས་རེད་སྙམ་པས
ཁོང་ཁྲོ་སྐྱེས་སོ།
                   9.10ཉིན་བཅོས།
 

རྒྱབ་ཀྱི་མེ་ཏོག
 
སེམས་པ་འདི་ཁ་ཧྥེན་གླིང་གི་རོལ་མོ་ཞིག་དང་ཕྲད
ལག་པ་འདི་གཉིས་ཀྱིས་མཐའ་ཡས་པའི་རྟ་ཕོའི་བང་ཁ་ལ་རེག
རླངས་འཁོར་གྱི་མ་ལག་གཅིག་ཞིག་པས
སྐད་འཕྲིན་ལས་ཞིག་གསོ་གནང་མཁན་གྱི་མི་ཞིག་ལ་སྒོར་མོ་སྦྱིན
ཟླ་བའི་ཆ་ཤས་ཤིག་བུད་མེད་ཀྱི་རྒྱབ་ཏུ་ཡོད་ནའང
ཟླ་བ་ལྷ་མོའི་འཕྲིན་པའི་ནང་དུ་ཟླ་བ་ནི་ཧྲིལ་བོ་ཁོ་ན་ཡིན་པའི་རྒྱུ་མཚན་བསྐུར
DNAནི་མ་སྐྱེས་ཨ་མ་རེད་ཟེར བླ་མ་མཁྱེན
རི་བོ་ཧི་མ་ལ་ཡི་སྐྱེ་བ་སྔོན་མ་ཕྱེ་མ་ལེབ་རེད་ཟེར བླ་མ་མཁྱེན
ཤིན་ཏུ་ཡང་བའི་གཤོག་ཟུང་གིས་གླིང་ཕྲན་ཉི་ཤུ་འདེགས་ནུས་ཟེར ཀི་ཧི་ཧི
ཡུགས་མོའི་ཆོ་ངེའི་ནང་ཚངས་དབྱངས་རྒྱ་མཚོའི་ཤམ་ཐབས་ལུས་འདུག
ཡར་ཀླུང་གཙང་པོར་ལྕགས་ཀྱིས་བསྡམས་ནས་གློད་རྩིས་མི་འདུག
AIཡིས་འཕྲུལ་འཁོར་གྱི་སངས་རྒྱས་བཟོ་ཤེས་ཟེར བདེན་ནམ
ཚན་རིག་པའི་འདྲ་པར་ཞིག་གིས་གསུངས་བྱོན་པ་རེད་ཟེར
མདུན་དུ་དམར་རྗེན་དུ་བཏང་བ་འདི་དུས་འདས་པ་རེད་ཟེར
ཁྲོམ་པའི་ནང་ཅང་ཤེས་རྒོད་པོ་ཞིག་བརྟོད་འདུག་ཟེར
ངའི་རྨི་ལམ་དུ་ཅང་ཤེས་རྒོད་པོ་དེ་འོད་མའི་ཚལ་དུ་རྒྱུག་པ་རྨིས་བྱུང
           2025.08.08

རྩོམ་སྒྲིག་པ། གངས་དགའ།
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།