གླུ་པདྨའི་ཕྱག་རྒྱ།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
ཐོབ་གོ་ས་ཅན་གྱི་དཔོན་པོ་བསད།
མགོ་གསེར་ཞྭ་ཅན་གྱི་བླ་མ་འཕྲོག
ཚོང་དཔོན་ནོར་བུ་བཟང་པོ་ལའང་ལག་བསྲིངས།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལའང་གཞས་བཏང་།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
མྱི་ཆེན་ལ་ཁ་བཏང་།
བྱ་ཆེན་ལ་རྡོ་འཕངས།
སྟག་ཐད་ནས་རྒྱུག་པ་ཐོང་ནས་བཟུང་།
འབྲོང་རྫ་ཁས་བུད་པ་རྭ་ནས་བཟུང་།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རང་སེམས་རྒྱ་ཡན་ལ་བཏང་།
རང་ལུས་བདག་མེད་དུ་གཡུགས།
ནམ་མཁའ་སྟོང་བའི་ངོས་སུ་ཡི་གེ་སྣ་ཚོགས་བྲིས།
ས་གཞི་ཆེན་པའི་སྟེང་ནས་རྐང་རྡིག་མང་པོ་བྱས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རྒྱ་མཚོ་གཏིས་ནས་རྙོག
བྱུ་རུའི་གླིང་ཕྲན་བཅོམ།
ནམ་མཁའ་སེམས་ཀྱི་ལོགས་སུ་བཞག
དུས་ཚོད་ཡོད་ཚད་འཁྲུག་པར་བྱས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རྒྱུ་འབྲས་ཁྱད་དུ་བསད།
ཁྲེལ་དང་ངོ་ཚ་བོར།
སེམས་དང་སེམས་བྱུང་ཉོག་པར་བྱས།
སྟོང་དང་རྟེན་འབྱུང་ཁས་མ་བླངས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
གླུ་པད་མའི་ཕྱག་རྒྱ་བླངས།
གར་རྡོ་རྗེའི་དབྱིངས་ནས་བྱས།
འོད་གསལ་གཉུག་མའི་སེམས་ལ་ཆུ་འཁྱག་བླུགས།
མ་བཅོས་རང་ངོ་གསལ་བར་མེ་ཆེན་སྦར།
2025•12•25
རྩོམ་སྒྲིག་པ། གངས་དགའ།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
ཐོབ་གོ་ས་ཅན་གྱི་དཔོན་པོ་བསད།
མགོ་གསེར་ཞྭ་ཅན་གྱི་བླ་མ་འཕྲོག
ཚོང་དཔོན་ནོར་བུ་བཟང་པོ་ལའང་ལག་བསྲིངས།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལའང་གཞས་བཏང་།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
མྱི་ཆེན་ལ་ཁ་བཏང་།
བྱ་ཆེན་ལ་རྡོ་འཕངས།
སྟག་ཐད་ནས་རྒྱུག་པ་ཐོང་ནས་བཟུང་།
འབྲོང་རྫ་ཁས་བུད་པ་རྭ་ནས་བཟུང་།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རང་སེམས་རྒྱ་ཡན་ལ་བཏང་།
རང་ལུས་བདག་མེད་དུ་གཡུགས།
ནམ་མཁའ་སྟོང་བའི་ངོས་སུ་ཡི་གེ་སྣ་ཚོགས་བྲིས།
ས་གཞི་ཆེན་པའི་སྟེང་ནས་རྐང་རྡིག་མང་པོ་བྱས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རྒྱ་མཚོ་གཏིས་ནས་རྙོག
བྱུ་རུའི་གླིང་ཕྲན་བཅོམ།
ནམ་མཁའ་སེམས་ཀྱི་ལོགས་སུ་བཞག
དུས་ཚོད་ཡོད་ཚད་འཁྲུག་པར་བྱས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
རྒྱུ་འབྲས་ཁྱད་དུ་བསད།
ཁྲེལ་དང་ངོ་ཚ་བོར།
སེམས་དང་སེམས་བྱུང་ཉོག་པར་བྱས།
སྟོང་དང་རྟེན་འབྱུང་ཁས་མ་བླངས།
སྐྱབས་སུ་མཆི།
འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར།
ངས་ནི་ཅི་བྱས་ཅི་མ་བྱས།
གླུ་པད་མའི་ཕྱག་རྒྱ་བླངས།
གར་རྡོ་རྗེའི་དབྱིངས་ནས་བྱས།
འོད་གསལ་གཉུག་མའི་སེམས་ལ་ཆུ་འཁྱག་བླུགས།
མ་བཅོས་རང་ངོ་གསལ་བར་མེ་ཆེན་སྦར།
2025•12•25
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

